དབྱི་སི་རལ་གྱི་དམག་དཔུང་གིས་ཧཱ་མཱ་སིའི་སྤྱི་ཁྱབ་བཀོད་འདོམ་དཔོན་པོ་བསད་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས17ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས16ཉིན་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྤྱི་ཁྱབ་བཀོད་འདོམ་དཔོན་པོ་པཱ་ལུའུ་ཏི་བསད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། པཱ་ལུའུ་ཏི་ཡིས་འཁྲུག་རྩོད་སྐབས་དང་ཁྱད་པར་དུ་ཉེ་བའི་གཟའ་འཁོར་འགའི་ནང་། དབྱི་སི་རལ་གྱི་དམག་དཔུང་དང་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་འགུལ་སྐྱོད་མང་བོར་འཆར་འགོད་སྐུལ་འདེད་བཏང་ཡོད་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་པཱ་ལུའུ་ཏི་ཡིས་དབྱི་སི་རལ་ལ་ཁ་ཚ་དགོས་གཏུག་གི་འཇིགས་ཉེན་བཟོས་ཡོད་པས། ཚེས16ཉིན་གནད་ལ་འཁེལ་བའི་བར་སྣང་འཇབ་རྒོལ་བྱས་ཏེ་ཁོ་རང་བསད་པ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།