
ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཚེས17ཉིན་སྤྱི་སྒྲོག་སྤེལ་ཏེ། ཝུའུ་ཙི་པེ་ཁི་སི་ཐན་གྱི་མཐའ་སྲུང་དམག་དཔུང་དང་སྒོ་ཁྲལ་མི་སྣས་མཐའ་མཚམས་ཀྱི་གཞུང་ལམ་རྒྱུ་ལམ་ནས་དུག་རྫས་ལྐོག་འཚོང་བྱེད་པའི་གྱོད་དོན་ཅིག་ཕམ་ཉེས་སུ་བཏང་བ་དང་། ཨ་ཧྥུའུ་ཧན་ནས་སྐྱེལ་ཡོང་བའི་དུག་རྫས་སྤྱི་རྒྱ600ཙམ་གཞུང་བཞེས་བྱས་ཡོད་ཟེར།
སྤྱི་སྒྲོག་ལས་མངོན་པ་ལྟར་ན། གྱོད་དོན་དེར་འབྲེལ་བའི་སྐྱེལ་འདྲེན་ཡོ་བྱད་ནི་ཨ་ཧྥུའུ་ཧན་སྤྱི་དམངས་ཤིག་གིས་བསྐོར་བའི་དངོས་སྐྱེལ་རླངས་འཁོར་ཞིག་ཡིན་པ་དང་། དེའི་ནང་ས་སློག་འཕྲུལ་ཆས་ཤིག་དྲུད་ཡོད། སྒོ་ཁྲལ་མི་སྣས་རླངས་འཁོར་དེར་རྟོག་ཞིབ་བྱེད་སྐབས། ས་སློག་འཕྲུལ་ཆས་ཀྱི་ནང་དུ་དངོས་པོ་ཡོད་པ་ཤེས། རྟོག་ཞིབ་བྱས་པ་བརྒྱུད་ཁྲིམས་བསྟར་མི་སྣས་ས་སློག་འཕྲུལ་ཆས་ཀྱི་ནང་དུ་སྦས་ཡོད་པའི་སོ་མཱ་ར་ཛ་སྤྱི་རྒྱ593དང་ཉལ་ཐ་སྤྱི་རྒྱ3བཅས་རྩད་ཆོད།
ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་དོན་དེ་ཉེས་དོན་གྱོད་དོན་སྙན་ཞུ་བྱས་ཏེ་གྱོད་དོན་དེར་འབྲེལ་བའི་མི་སྣ་གཞན་པ་རྩད་གཅོད་བྱེད་བཞིན་ཡོད་ཟེར། སྤྱི་སྒྲོག་ལས་དུག་རྫས་དེ་དུས་ནམ་ཞིག་ལ་རྩད་ཆོད་པ་གསལ་བོར་བཤད་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།