ཧྥ་རན་སི་ཡིས2030ལོའི་སྔོན་ལ་རིམ་བསགས་ཀྱིས་ཡོ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་དྲུག་གི་དམག་དོན་གྲོན་དངུལ་ཁ་སྣོན་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གིས་ཚེས19ཉིན2030ལོའི་སྔོན་ལ་རིམ་བསགས་ཀྱིས་ཡོ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་དྲུག་གི་རྒྱལ་སྲུང་སྔོན་རྩིས་ཁ་སྣོན་བྱེད་པའི་འཆར་ཟིན་ཞིག་ལ་གྲོས་མཐུན་བཀོད། བཅའ་ཁྲིམས་འཆར་ཟིན་དེར་གྲོས་ཞུགས་ཁང་གིས་གྲོས་ཞིབ་བྱས་ནས་བརྡས་ཐག་གཅོད་རྒྱུ་རེད།

ཧྥ་རན་སི་ཡིས2023ལོར་སྤེལ་བའི་ལོ་བདུན་གྱི་སྔོན་རྩིས་བཀོད་སྒྲིག་ལྟར་ན། ཧྥ་རན་སིའི2024ལོ་ནས2030ལོའི་བར་གྱི་རྒྱལ་སྲུང་སྔོན་རྩིས་འབོར་གྲངས་ཡོ་སྒོར་ཁྲག་ཁྲིག་བཞི་ཡིན་པ་དང་། བཅའ་ཁྲིམས་འཆར་ཟིན་གསར་བ་ལས་ཁ་གྲངས་དེ་ཡོ་སྒོར་ཁྲག་ཁྲག་བཞི་དང་ཐེར་ཆེན་གསུམ་ཐེར་འབུམ་དྲུག་ལ་ཇེ་མཐོར་བཏང་། དེའི་ནང2030ལོའི་རྒྱལ་སྲུང་སྔོན་རྩིས་ཡོ་སྒོར་ཐེར་ཆེན་བདུན་དང་ཐེར་འབུམ་དྲུག་དུང་ཕྱུར་གསུམ་ཡིན་ལ། སྔོན་གྱི་འཆར་གཞི་ལས་ཡོ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་དགུ་ཇེ་མང་དུ་སོང་ཡོད། ཚོད་དཔག་བྱས་ན་ཧ་ལམ་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔ་ཟིན་ཡོད།

ཧྥ་རན་སིའི་རྒྱལ་སྲུང་བློན་ཆེན་ཨོ་ཐི་ལན་གྱིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། བཅའ་ཁྲིམས་འཆར་ཟིན་དེའི་དམིགས་ཡུལ་ནི་དམག་དཔུང་གི་འབོད་སྐུལ་ལ་ལན་འདེབས་པ་དང་། རྒྱལ་སྲུང་བཟོ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། མ་འོངས་པའི་འཐབ་ཇུས་འགྲན་རྩོད་ལ་གྲ་སྒྲིག་བྱེད་ཆེད་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།