
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་དང་གོ་ལ་ཧྲིལ་བོའི་བཟོ་བཀོད་དང་བཟོ་སྐྲུན་མནའ་འབྲེལ་གྱིས་ཚེས19ཉིན་ཁུ་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་མཉམ་འབྲེལ་གྱིས་སྙན་ཞུ་སྤེལ་ཏེ། གོ་ལ་ཧྲིལ་བོས་འབད་བརྩོན་བྱས་ཏེ། བཟོ་བཀོད་ལས་རིགས་ཀྱི་ཐཱན་ཕྱིར་གཏོང་ཇེ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཁ་ཡིག་ལ་2025ལོ་ནས2026ལོའི་བར་གྱི་གོ་ལ་ཧྲིལ་བོའི་བཟོ་བཀོད་དང་བཟོ་སྐྲུན་གནས་ཚུལ་གྱི་སྙན་ཞུ་ཞེས་པ་དེའི་གཞི་གྲངས་ལས་མངོན་པ་ལྟར་ན། བཟོ་བཀོད་དང་བཟོ་སྐྲུན་ལས་རིགས་ཀྱི་དབྱང་གཉིས་ཐཱན་འགྱུར་ཕྱིར་གཏོང་ཚད་ཀྱིས་གོ་ལ་ཧྲིལ་བོའི་སྤྱིའི་ཚད་ཀྱི་བརྒྱ་ཆའི་སོ་བདུན་ཟིན་ཡོད་པ་དང་། ནུས་ཁུངས་ཟན་གྲོན་གྱིས་གོ་ལ་ཧྲིལ་བོའི་བརྒྱ་ཆའི་ཉེར་བརྒྱད་ཟིན་ཡོད བཟོ་བཀོད་དང་བཟོ་སྐྲུན་ལས་རིགས་ཀྱི་ཐཱན་ཕྱིར་གཏོང་ཇེ་ཉུང་དུ་གཏོང་བའི་འཕེལ་རིམ་དལ་བས། ལས་རིགས་དེ་ཐཱན་ཕྱིར་གཏོང་གི་འབྱུང་ཁུངས་ཤིག་ཏུ་གྱུར་བར་མ་ཟད། ནམ་ཟླའི་འགྱུར་ལྡོག་དང་ནུས་ཁུངས་རིན་གོང་འཕེལ་འགྲིབ་ཀྱི་ཤུགས་རྐྱེན་ཆེར་ཐེབས་མི་སྲིད།
སྙན་ཞུ་ལས་བཤད་རྒྱུར། བཟོ་བཀོད་ལས་རིགས་ཀྱི་ཐཱན་ཉུང་གཏོང་གིས་ནམ་ཟླའི་འགུལ་སྐྱོད་དང་དཔལ་འབྱོར་འཕར་སྣོན་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཅིང་། བཟོ་བཀོད་ལས་རིགས་ཀྱིས་འགུལ་སྐྱོད་སྤེལ་ན། ནུས་ཁུངས་ཀྱི་གྲོན་དངུལ་ཇེ་དམའ་རུ་གཏོང་བ་དང་། སྡོད་གནས་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་ཐུབ་ལ། ནམ་ཟླའི་འགྱུར་ལྡོག་དང་འཚམ་པའི་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རེན་ཨན་ཏི་སིན་གྱིས་བསྟན་དོན། 2050ལོའི་རྒྱང་བལྟ་བྱས་ན། གོ་ལ་ཧྲིལ་བོའི་བཟོ་བཀོད་མང་བོ་འཛུགས་སྐྲུན་དང་བཅོས་སྒྲིག་བྱེད་དགོས་པ་དང་། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་སྲིད་ཇུས་དང་ཁྲིམས་སྲོལ། དངུལ་གཏོང་བཅས་འཐུས་ཚང་དུ་བཏང་སྟེ་བཟོ་བཀོད་ལས་རིགས་ཀྱི་ཐཱན་ཕྱིར་གཏོང་མེད་པར་གཏོང་བ་དང་བབ་བསྟུན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཆོག་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།