
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས21ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁས་ཕའོ་ལན་ལ་དམག་མི5000ཁ་སྣོན་བྱེད་རྒྱུ་ཡིན་ཟེར།
ཐི་ལིང་ཕུའུ་ཡིས་བསྟན་དོན། ངས་སྔོན་ཆད་རྒྱབ་སྐྱོར་བྱས་པ་ལས་ད་ལྟ་ཕའོ་ལན་གྱི་སྲིད་འཛིན་ཁཱ་ལོ་ཨར་ནཱ་ཧྥུའུ་ལོ་ཚི་ཅི་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་དང་། ང་ཚོ་དང་ཁོའི་འབྲེལ་བར་དམིགས་ན་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པས། ཨ་མེ་རི་ཁས་ཕའོ་ལན་ལ་དམག་མི5000ཁ་སྣོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་ཡིན་ཟེར།
ཐི་ལིང་ཕུའུ་ཡིས་རྩོམ་ཡིག་དེའི་ནང་དམག་མི་ཁ་སྣོན་བྱེད་པའི་བྱེ་བྲག་གི་གནས་ཚུལ་གསལ་བོར་བསྒྲགས་མེད་པས། དེ་ཨ་མེ་རི་ཁས་ཉེ་སྔོན་ཁྱབ་བསྒྲགས་བྱས་པའི་ཨ་མེ་རི་ཁའི་དམག་དཔུང་ཞིག་ཕའོ་ལན་དུ་བཀོད་སྒྲིག་བྱེད་མཚམས་འཇོག་པའམ་ཡང་ན་འཇར་མན་ནས་ཕྱིར་འཐེན་བྱེད་པ་དང་འབྲེལ་བ་ཡོད་མེད་གསལ་བོར་མི་ཤེས།
བསོད་ནམས་ཚེ་རིང་གིས་བསྒྱུར།