
དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཚེས25ཉིན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ས་ཁུལ་གྱི་གནས་བབ་གླེང་སྐབས་བསྟན་དོན། ཀྲུང་གོས་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་གལ་ཆེན་བཏོན་ཡོད་ཟེར།
པཱ་ཅཱ་ཨེ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཨུ་རུ་སིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཚོགས་སྟེང་ལངས་ཕྱོགས་བརྟན་པོ་བཟུང་ཡོད། དབྱི་ལིང་གིས་ཀྱང་ཉེ་སྔོན་ཀྲུང་གོ་དང་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་དང་མཉམ་དུ་གནས་བབ་ཀྱི་འགྱུར་ལྡོག་ཐད་ནས་གྲོས་མོལ་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།