དབྱི་ལིང་གི་འཐུས་ཚབ་ཚོགས་པ་ཏའོ་ཧཱ་རུ་སོང་ནས་འཐབ་འཁྲུག་མཇུག་སྒྲིལ་བའི་ཐད་བརྩོན་པ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས25ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་སྣེ་ཁྲིད་པའི་དབྱི་ལིང་གི་འཐུས་ཚབ་ཚོགས་པ་ཉིན་དེར་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་རུ་སོང་ཟེར།

དབྱི་ལིང་གི་འཐུས་ཚབ་ཚོགས་པས་ཁཱ་ཐར་གྱི་མཐོ་རིམ་དཔོན་པོ་དང་མཉམ་དུ་འཐབ་འཁྲུག་མཇུག་སྒྲིལ་བའི་འབྲེལ་ཡོད་གྲོས་གཞིར་གྲོས་མོལ་བྱེད་རྒྱུ་རེད། བསྒྲགས་པ་ལྟར་ན། ཐེངས་འདིའི་འཚམས་འདྲི་ནི་ཉེ་སྔོན་ཕཱ་ཁི་སི་ཐན་གྱི་བར་འདུམ་འོག དབྱི་ལིང་གི་མགོར་བཙན་འཇོག་བྱས་པའི་འཐབ་འཁྲུག་དེ་མཇུག་སྒྲིལ་བའི་ཐད་སྤེལ་བའི་ཕྱི་འབྲེལ་འཕེལ་རིམ་གྱི་ཁག་ཅིག་ཡིན་པ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།