ཁཱ་ཐར་གྱིས་དབྱི་ལིང་གི་མཐོ་རིམ་འཐུས་ཚབ་ཚོགས་པས་ཏའོ་ཧཱ་རུ་གྲོས་མོལ་བྱེད་བཞིན་པ་ཁས་ལེན་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཁཱ་ཐར་ཕྱི་འབྲེལ་པུའུ་ཡི་དཔོན་རིགས་ཤིག་གིས་ཚེས25ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་ལིང་གི་མཐོ་རིམ་འཐུས་ཚབ་ཚོགས་པ་ཞིག་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་རུ་གྲོས་མོལ་ལ་ཞུགས་བཞིན་ཡོད་པ་དང་། འཐུས་ཚབ་ཚོགས་པའི་ཁོངས་མི་ལ་དབྱི་ལིང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་དང་ཕྱི་འབྲེལ་པུའུ་ཀྲང་ཨ་ལཱ་ཀི་ཆི་སོགས་འདུས། ཐེངས་འདིའི་གྲོས་མོལ་གྱི་དམིགས་ཡུལ་ནི་ཨ་མེ་རི་ཁ་དང་དབྱི་ལིང་བར་གྲོས་མཐུན་འགོད་པ་དང་། འཐབ་འཁྲུག་མཇུག་སྒྲིལ་བའི་དོན་ལ་གྲོས་བསྡུར་བྱེད་ཆེད་རེད།

མིང་བཤད་མི་འདོས་པའི་དཔོན་རིགས་ཤིག་གིས་བསྟན་དོན། གྲོས་མོལ་ནས་གཙོ་བོ་ཧའོ་ཨར་མུའུ་ཙི་མཚོ་འགག་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གསོག་ཉར། དབྱི་ལིང་གི་ཕྱི་རྒྱལ་གྱི་མ་དངུལ་བཀག་འཇོག་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། དབྱི་ལིང་ཀྲུང་དབྱང་དངུལ་ཁང་གི་འགོ་བས་འཐུས་ཚབ་ཚོགས་པའི་ཁྲོད་མཇུག་མཐའི་གྲོས་མཐུན་ལ་འབྲེལ་བའི་དངུལ་ལོར་ཐད་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་པའི་འགན་ཁུར་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།