
ཨ་རིའི་སྲིད་འཛིན་ཐི་ལུང་ཕུའུ་ཡིས་ཚེས24ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་སྤེལ་དོན། ཨ་རི་དང་དབྱི་ལང་བར་གྱི་གྲོས་ཡིག་ལ་མཐའ་གཅིག་ཏུ་མོས་མཐུན་བྱུང་མེད་པས། འབྲེལ་ཡོད་གྲོས་མོལ་གོ་རིམ་ལྡན་ཞིང་དགེ་མཚན་ལྡན་པའི་རྣམ་པའི་ཐོག་ནས་སྤེལ་བཞིན་ཡོད། ཐི་ལང་ཕུའུ་ཡིས་དབྱི་ལང་ལ་བཀག་སྡོམ་བྱེད་ཐབས་དེ་ཐོག་མཐའ་བར་གསུམ་དུ་གྲོས་ཡིག་མོས་མཐུན་བྱུང་རག་བར་རྒྱུན་བསྲིངས་རྒྱུ་མ་ཟད། དབྱི་ལང་གིས་ཉིང་རྡུལ་མཚོན་ཆ་གསར་སྤེལ་བྱེད་མི་ཆོག་པའམ་ཡང་ན་ལག་ཏུ་འཐོབ་མི་ཆོག་པ་བསྟན།
དབྱི་ལང་གི་སྨྱན་སྦྱོར་གྱིས་ཚེས25ཉིན་གནས་ཚུལ་སྤེལ་བ་ལྟར་ན། དབྱི་ལང་དང་ཨ་རི་ཕྱོགས་གཉིས་ཀར་དོན་དག་ཁ་ཤས་སྟེང་སྔར་བཞིན་འགལ་བ་བྱུང་ཡོད་པ་དང་། གལ་ཏེ་ཕྱོགས་གཉིས་ཀྱིས་བཟོད་གསོལ་བརྗེད་ཐོ་ཁྱབ་བསྒྲགས་བྱས་ཚེ། ཨ་རི་ཕྱོགས་ཀྱིས་ངེས་པར་དུ་བཀག་སྡོམ་བྱས་ཡོད་པའི་དབྱི་ལང་གི་རྒྱུ་ནོར་ཁག་ཅིག་ལེན་དུ་འཇུག་དགོས་པ་མ་ཟད་རྒྱུན་ལྡན་ལྟར་བེད་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས། འདི་ནི་དབྱི་ལང་གི་གྲོས་མོལ་གྱི་ཚད་མཐའ་ཡིན། དབྱི་ལང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨའེ་ཡིས་ཚེས25ཉིན་བཤད་རྒྱུར། དེང་སྐབས་དབྱི་ལང་དང་ཨ་རིའི་གྲོས་མོལ་གྱི་གཙོ་གནད་ནི་དམག་འཁྲུག་མཇུག་རྫོགས་རྒྱུ་དེ་ཡིན་ལ། ཉིང་རྡུལ་གྱི་གནད་དོན་ལ་གྲོས་བསྡུར་བྱས་མེད་ཟེར།