ཨ་མན་གྱིས་ཧའོ་ཨར་མུའུ་ཙི་མཚོ་འགག་གི་འགྲུལ་བཞུད་གྲོན་དངུལ་བསྡུ་མི་སྲིད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་པེ་སིན་ཐི་ཡིས་ཚེས28ཉིན་ཕོ་བྲང་དཀར་པོའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མན་གྱིས་ཧའོ་ཨར་མུའུ་ཙི་མཚོ་འགག་གི་འགྲུལ་བཞུད་གྲོན་དངུལ་བསྡུ་མི་སྲིད་པར་ཁག་ཐེག་བྱས་ཡོད་ཟེར།

པེ་སིན་ཐི་ཡིས་བཤད་རྒྱུར། ཁོས་ཉིན་དེའི་སྔ་དྲོར་ཨ་མེ་རི་ཁར་སྡོད་པའི་ཨ་མན་གྱི་གཞུང་ཚབ་ཆེན་མོར་ཁ་པར་བཏང་བ་དང་། གཞུང་ཚབ་པས་ཁོར་ཁག་ཐེག་བྱས་དོན། ཨ་མན་གྱིས་ཧའོ་ཨར་མུའུ་ཙི་མཚོ་འགག་གི་འགྲུལ་བཞུད་གྲོན་དངུལ་བསྡུ་བའི་འཆར་གཞི་མེད་ཟེར།

པེ་སིན་ཐི་ཡིས་བཤད་རྒྱུར། ཨ་མེ་རི་ཁར་སྡོད་པའི་ཨ་མན་གྱི་གཞུང་ཚབ་ཆེན་མོས་ཁོ་ལ་བཤད་རྒྱུར། འགྲུལ་བཞུད་གྲོན་དངུལ་བསྡུ་བ་དེ་ལུགས་མཐུན་མིན་པ་དང་། ཁོ་ཡང་ཨ་མན་གྱི་མི་སྒེར་དང་དངུལ་ལོར་ལས་ཁུངས་ལ་བཀག་སྡོམ་ཐེབས་པའི་ཉེན་ཁ་དེ་འདྲ་བརྒྱུད་འདོད་མེད་ཟེར།

ཉིན་དེའི་སྔ་དྲོར། པེ་སིན་ཐི་ཡིས་དྲ་ཚིགས་བརྒྱུད་དེ། ཨ་མན་གྱིས་ཧའོ་ཨར་མུའུ་ཙི་མཚོ་འགག་ནས་འགྲུལ་བཞུད་གྲོན་དངུལ་བསྡུ་བར་རོགས་རམ་བྱེད་མི་རུང་བ་དང་། དེ་ལྟ་མིན་ཚེ་བཀག་སྡོམ་ཐེབས་སྲིད་པའི་ཉེན་བརྡ་བཏང་།

བསོད་ནམས་ཚེ་རིང་གིས་བསྒྱུར།