
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཚེས2ཉིན་བྷང་ག་ལཱའི་ཕྱི་འབྲེལ་བློན་ཆེན་ལཱ་ཧི་མན་སྐབས་གྱ་གཅིག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་ཐོན་བྱུང་།
ལཱ་ཧི་མན་གྱིས་འདེམ་བསྐོ་བྱས་རྗེས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཉམས་སད་མང་བོར་འཕྲད་ཡོད་པ་དང་། དེའི་ནང་གོ་ལ་ཧྲིལ་བོར་འཁྲུག་རྩོད་དང་འཐབ་འཁྲུག་རྒྱུན་ཆད་མེད་པ་དང་། ཕྱོགས་མང་རིང་ལུགས་ལ་གནོན་ཤུགས་ཆེན་པོ་ཐེབས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནོར་སྲིད་དཀའ་ཁག་སོགས་འདུས། ཁོས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས། དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སོ་སོའི་བར་གྱི་རོགས་རེས་ནུས་འདེགས་ལ་ཤུགས་སྣོན་པར་འབད་འབུངས་བྱེད་རྒྱུ་མ་ཟད། ཞི་བདེ་དང་བདེ་འཇགས། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ། ནམ་ཟླའི་འགྱུར་ལྡོག འགྲོ་མིའི་ཐོབ་ཐང་། མི་ཐབས་རིག་ནུས་སོགས་གསར་དར་ལག་རྩལ་གྱི་བཅོས་སྐྱོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅོས་བསྒྱུར་བཅས་ཕྱོགས་དྲུག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
ལཱ་ཧི་མན་གྱིས་ད་ལོའི་ཟླ9བར་སྐབས་གྱ་གཅིག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཡིན་པ་དང་། འགན་ཡུན་ལོ་ངོ་གཅིག་རེད།
ལཱ་ཧི་མན་ནི1954ལོར་སྐྱེས་པ་དང་། 1979ལོར་བྷང་ག་ལཱའི་ཕྱི་འབྲེལ་ཁོངས་གཏོགས་སུ་ཞུགས། སྔ་གཞུག་ཏུ་བྷང་ག་ལཱའི་ཕྱི་འབྲེལ་པུའུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་རུ་ལས་འགན་ཁུར་མྱོང་བ་དང་། 2026ལོའི་ཟླ2པ་ནས་བཟུང་བྷང་ག་ལཱའི་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།