ལུའུ་པུས་ཨོ་ཡིས་དབྱི་སི་རལ་གྱིས་ཅཱ་ཧྲའི་ས་ཁོངས་མང་ཆེ་བ་བདག་བཟུང་བྱེད་རྩིས་ཡོད་པ་དེ་ཨ་མེ་རི་ཁའི་ལངས་ཕྱོགས་དང་མི་འཚམ་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ཡིས་ཚེས2ཉིན་བསྟན་དོན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཏོན་པའི་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁོངས་བརྒྱ་ཆའི་བདུན་ཅུ་བདག་བཟུང་བྱེད་རྒྱུའི་འཆར་གཞི་དེ་ཨ་མེ་རི་ཁའི་ལངས་ཕྱོགས་དང་མི་འཚམ་ཟེར།

ལུའུ་པུས་ཨོ་ཡིས་ཉིན་དེའི་ཕྱི་དྲོར་ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གི་དངུལ་གཏོང་ཨུ་ཡོན་ལྷན་ཁང་ནས་བསྡུས་པའི་ཉན་ཞིབ་ཚོགས་འདུའི་སྟེང་གྲོས་མིའི་དྲི་བ་དང་ལེན་བྱེད་སྐབས་བཤད་རྒྱུར། ནེ་ཐ་ནི་ཡཱ་ཧུའུ་ཡི་འཆར་གཞི་དེ་ནི་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་སྐོར་གྱི་འཆར་གཞི་ཉི་ཤུ་བའི་གྲུབ་ཆ་མིན་པ་དང་། འཆར་གཞི་ཉི་ཤུ་པ་ལྟར་ན་དབྱི་སི་རལ་གྱིས་དེ་ལྟར་བསྒྲུབ་དགོས་དོན་མེད་ཟེར།

ཁོས་ད་རུང་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱི་དམིགས་འབེན་དེ་དབྱི་སི་རལ་ཕྱོགས་ཀྱི་མཇུག་མཐའི་དམིགས་འབེན་དང་གཅིག་འདྲ་ཡིན་ཏེ། ཅཱ་ཧྲ་ས་ཁུལ་དེ་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་མ་ཡིན་པའི་ཚོགས་པ་ཞིག་གིས་བཅོས་སྐྱོང་བྱེད་རྒྱུ་དེ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།