
ཧྥ་རན་སིའི་ཙུང་ལི་ལེ་ཁི་ཨར་ནེ་ཡིས་ཚེས3ཉིན་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་ནས་གྲོས་མིའི་དྲི་བ་དང་ལེན་བྱེད་སྐབས་བསྟན་དོན། དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་མངའ་ཁོངས་སུ་སྤེལ་བའི་དམག་དོན་འགུལ་སྐྱོད་མཚམས་འཇོག་པ་དང་ལེ་པཱ་ནུན་གྱི་ཁྲིམས་འགལ་བཙན་བཟུང་མཇུག་སྒྲིལ་དགོས་ཟེར།
ལེ་ཁི་ཨར་ནེ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་མུ་མཐུད་དུ་ལེ་པཱ་ནུན་དུ་འཐབ་འཁྲུག་བྱེད་པར་ལུགས་མཐུན་གྱི་རྒྱུ་མཚན་ཅི་ཡང་མེད་པ་དང་། རྒྱང་རིང་ལ་བསམ་བློ་བཏང་ན་དབྱི་སི་རལ་རང་སྟེང་གི་བདེ་འཇགས་ཁེ་ཕན་ལ་གནོད་པ་ཐེབས་སྲིད་ཟེར། ཁོས་ནན་གྱིས་བསྟན་དོན། མ་གཞི་ནས་ཉམ་ཞན་ཡིན་པའི་འཁྲུག་རྩོད་མཚམས་འཇོག་པའི་བྱ་བར་གཏོར་བརླག་གཏོང་བ་དེ་དང་ལེན་བྱེད་ཐབས་མེད་ཟེར།
ལེ་ཁི་ཨར་ནེ་ཡིས་བཤད་རྒྱུར། ལེ་པཱ་ནུན་གྱི་གནད་དོན་དེས་མིག་སྔའི་ཨ་མེ་རི་ཁ་དང་དབྱི་ལིང་གི་གྲོས་མོལ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་བཞིན་ཡོད། དབྱི་ལིང་གི་འཐབ་འཁྲུག་མཇུག་སྒྲིལ་བར་ཕྱོགས་ཡོངས་ཀྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་ལ། ལེ་པཱ་ནུན་གྱི་གནད་དོན་མ་གླེང་བར་བསྐྱུར་མི་རུང་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།