ཁི་ཝེ་ཐི་ཡིས་དབྱི་ལིང་གི་ཕྱི་འབྲེལ་དཔོན་པོ་གཉིས་མཐར་སྐྲོད་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཁི་ཝེ་ཐིའི་ཕྱི་འབྲེལ་པུའུ་ཡིས་ཚེས3ཉིན་བསྟན་དོན། དབྱི་ལིང་གི་ཕྱི་འབྲེལ་དཔོན་པོ་གཉིས་དགའ་བསུ་མི་བྱེད་པའི་མིའི་གྲས་སུ་བཞག་པ་དང་། དེ་གཉིས་མཐར་སྐྲོད་གཏོང་རྒྱུ་ཡིན་ཟེར།

ཁི་ཝེ་ཐིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཁི་ཝེ་ཐི་ཡིས་དབྱི་ལིང་གི་ཕྱི་འབྲེལ་འཐུས་ཚབ་ཚོགས་པའི་ཁོངས་མི་གཉིས་དགའ་བསུ་མི་བྱེད་པའི་མིའི་གྲས་སུ་བཞག་པ་དང་། ཁོ་གཉིས་དུས་ཚོད་ཉེར་བཞིའི་རིང་ཁི་ཝེ་ཐིའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཆོད་དོན་དེ་ནི་དབྱི་ལིང་གིས་བསྟུད་མར་འཕུར་མདའ་དང་མི་མེད་གནམ་གྲུ་བཀོལ་ནས་འཇབ་རྒོལ་བྱས་པའི་གནས་ཚུལ་འོག་བཏོན་པ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།