ཕུའུ་ཅིན་གྱིས་ཨུ་རུ་སིས་འགྲིག་མཐུན་བྱེད་འདོད་ཡོད་པ་ཝུའུ་ཁི་ལན་ཕྱོགས་ལ་ཡིད་ཆེས་སུ་འཇུག་དགོས་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས4ཉིན་ཧྲིན་པུས་ཏི་པའོ་ནས་འཛམ་གླིང་གི་འཕྲིན་གཏོང་ཁང་གཙོ་བོའི་འགན་ཁུར་བར་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་འགྲིག་མཐུན་བྱེད་འདོད་ཡོད་ཀྱང་། ཝུའུ་ཁི་ལན་ཕྱོགས་ལ་དེར་ཡིད་ཆེས་སུ་འཇུག་དགོས་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་ངོ་རྒོལ་མི་བྱེད་ཀྱང་། ཡོ་རོབ་གླིང་མནའ་འབྲེལ་དེ་དམག་དོན་མནའ་འབྲེལ་ཞིག་ཏུ་འགྱུར་བར་ངོ་རྒོལ་བྱེད་བཞིན་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཆོག་ཀྱང་། བྱེད་ཐབས་ཐད་ནས་ཝུའུ་ཁི་ལན་ལ་འགྲིག་མཐུན་གྱི་ཇུས་གཞི་དང་ལེན་བྱེད་དུ་འཇུག་དགོས་པ་ལས་ཝུའུ་ཁི་ལ་ལ་མཚོན་ཆ་འདོན་སྤྲོད་བྱེད་རྒྱུ་དེ་མ་ཡིན་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་ཁྲིམས་མཐུན་འཐུས་མིའི་བར་ཡིག་ཆ་འགོད་འདོད་ཡོད། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་བཀོད་པའི་གྲོས་མཐུན་དེ་ནི་ལོ་རྒྱུས་དོན་སྙིང་ལྡན་པའི་ཡིག་ཆ་ཞིག་ཡིན་སྲིད་ཟེར། ཁོས་བསྟན་དོན། ཝུའུ་ཁི་ལན་གྱིས་སྲིད་འཛིན་འདེམ་བསྐོའི་བྱ་འགུལ་སྤེལ་བ་ཧ་ཅང་གལ་ཆེན་རེད་ཟེར།

ཕུའུ་ཅིན་གྱིས་ད་རུང་བསྟན་དོན། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ཀྱི་གྲོས་གཞི་དེ་ཞི་བའི་གྲོས་མཐུན་གྱི་རྨང་གཞིར་འགྱུར་སྲིད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།