ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་ཡོ་རོབ་གླིང་བར་གྱི་གྲོས་མོལ་དང་ལེན་བྱེད་སྲིད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས4ཉིན་ཧྲིན་པུས་ཏི་པའོ་ནས་འཛམ་གླིང་གི་འཕྲིན་གཏོང་ཁང་གཙོ་བོའི་འགན་ཁུར་བར་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཨུ་རུ་སི་ཡིས་ཡོ་རོབ་གླིང་བར་གྱི་གྲོས་མོལ་དང་ལེན་བྱེད་སྲིད་ཟེར།

ཁོས་ནན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཡོ་རོབ་གླིང་ལ་ནུས་ཁུངས་མཁོ་འདོན་བྱེད་མཚམས་བཞག་པ་མ་ཡིན་པར། ཡོ་རོབ་གླིང་གིས་ཨུ་རུ་སིའི་ནུས་ཁུངས་ཉོ་བར་ཁས་ལེན་མ་བྱས་པར་མ་ཟད། ཨུ་རུ་སི་ཉམས་རྒུད་དུ་འགྲོ་བར་རེ་བཞིན་ཡོད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཡོ་རོབ་གླིང་དང་ཨུ་རུ་སིའི་གྲོས་མོལ་གྱི་མི་སྣ་འདེམ་སྐབས་ངེས་པར་དུ་ཨུ་རུ་སིའི་ཕྱོགས་ཡིད་ཆེས་ཐོབ་པའི་མི་ཞིག་ཡིན་དགོས། ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་རུ་སིར་ངེས་པར་དུ་འཐབ་ཇུས་ཀྱི་ཕམ་ཉེས་འབྱུང་དགོས་པའི་འདོད་པའི་མི་ལ་ཡིད་ཆེས་བྱེད་མི་སྲིད། དེ་ནི་གནད་དོན་གྱི་རྩ་བ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།