ཕུའུ་ཅིན་གྱིས་ཨུ་རུ་སིའི་ཕྱོགས་ཀྱིས་ཨན་ཁི་ལོས་ཆི་གྲོས་མོལ་གྱི་རྨང་གཞིའི་སྟེང་ཝུའུ་ཁི་ལན་དང་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས4ཉིན་ཧྲིན་པུས་ཏི་པའོ་ནས་འཛམ་གླིང་གི་འཕྲིན་གཏོང་ཁང་གཙོ་བོའི་འགན་ཁུར་བར་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨན་ཁི་ལོས་ཆི་གྲོས་མོལ་གྱི་རྨང་གཞིའི་སྟེང་། ཞི་བའི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་བར་གྲོས་མཐུན་འགོད་འདོད་ཡོད་པར་མ་ཟད་གྲ་སྒྲིག་ཀྱང་བྱས་ཡོད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་རུ་སི་དང་ཨ་མེ་རི་ཁའི་འགོ་ཁྲིད་པའི་ན་ནིང་ཟླ་བརྒྱད་པའི་ཨ་མེ་རི་ཁའི་ཨ་ལཱ་སི་ཅཱ་མངའ་སྡེའི་ཨན་ཁི་ལོས་ཆི་གྲོང་ཁྱེར་ནས་གྲོས་མོལ་བྱེད་སྐབས་བཀོད་པའི་ཇུས་གཞི་དང་ལེན་བྱེད་རྩིས་ཡོད་ཀྱང་། ཝུའུ་ཁི་ལན་ཕྱོགས་ཀྱང་ཇུས་གཞི་དེ་དག་ལ་འཐད་པ་ཡིན་དགོས། གལ་ཏེ་ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སི་དང་ཨ་མེ་རི་ཁའི་ཨན་ཁི་ལོས་ཆིའི་གྲོས་མཐུན་གཞིར་བཟུང་ནས་འགྲིག་མཐུན་ཡོང་བར་བྱེད་པར་འཐད་པ་བྱུང་ན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཅང་མི་འགོར་བར་མཇུག་སྒྲིལ་ཐུབ་ཟེར།

ཕུའུ་ཅིན་གྱིས་བལྟས་ན། རྒྱལ་ནང་གི་ཆབ་སྲིད་གནས་བབ་དབང་གིས། ཝུའུ་ཁི་ལན་གྱིས་གྲོས་མཐུན་འགོད་པའི་གྲ་སྒྲིག་བྱས་མེད་པར་འདོད།

བསོད་ནམས་ཚེ་རིང་གིས་བསྒྱུར།