
ཟླ6པའི་ཚེས4ཉིན། རོ་མཱ་ནི་ཡཱའི་རྒྱལ་ས་པུའུ་ཅཱ་ལེ་སི་ཐི་ནས། རོ་མཱ་ནི་ཡཱའི་སྲིད་འཛིན་ཏཱ་ཨིན་དང་བསྐོ་འཇོག་བྱས་པའི་ཙུང་ལི་ཐའོ་མཱ་ཚི་གཉིས་ཀྱིས་ལག་འཇུ་བྱེད་བཞིན་པ།
ཟླ6པའི་ཚེས4ཉིན། རོ་མཱ་ནི་ཡཱའི་རྒྱལ་ས་པུའུ་ཅཱ་ལེ་སི་ཐི་ནས། བསྐོ་འཇོག་བྱས་པའི་ཙུང་ལི་ཐའོ་མཱ་ཚི་ཡིས་གཏམ་བཤད་སྤེལ་བཞིན་པ།
རོ་མཱ་ནི་ཡཱའི་སྲིད་འཛིན་ཏཱ་ཨིན་གྱིས་ཚེས4ཉིན་ཁོའི་བློ་འདོན་པ། ཡོ་རོབ་གླིང་གྲོས་ཁང་གི་གྲོས་མི་ཐའོ་མཱ་ཚི་ཙུང་ལིར་བསྐོ་འཇོག་བྱས་པ་དང་། མཉམ་འབྲེལ་སྲིད་གཞུང་གི་ཉམས་རྒུད་ལས་བྱུང་བའི་ཆབ་སྲིད་ཉམས་ཉེན་མཇུག་སྒྲིལ་བར་རེ་བཞིན་ཡོད།
ཏཱ་ཅིན་གྱིས་ཉིན་དེའི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་བཤད་རྒྱུར། ཏང་ཁག་སོ་སོའི་བསམ་འཆར་མི་གཅིག་པས། ཐག་གཅོད་བྱེད་ཐབས་ཉག་ཅིག་ནི་གྲོས་ཁང་གི་ཏང་ཁག་གང་ལའང་མི་གཏོགས་པའི་ཙུང་ལི་ཞིག་བསྐོ་འཇོག་བྱེད་རྒྱུ་དེ་ཡིན་ཟེར། ཁོས་བསྟན་དོན། ཐའོ་མཱ་ཚི་ལ་གྲོས་ཁང་གི་ཏང་ཁག་སོ་སོའི་བར་གྲོས་མོལ་བྱེད་པའི་ཆབ་སྲིད་ཉམས་མྱོང་ཡོད་པ་དང་། མིག་སྔར་ཕྱོགས་ཁག་སོ་སོས་ཐུན་མོང་གི་ལྟ་ཚུལ་འགོད་པར་དགོས་གལ་ཆེ་ཟེར།
ཐའོ་མཱ་ཚི་ཡིས་མགོ་ཁྲིད་པའི་སྲིད་ཏང་དེ་རོ་མཱ་ནི་ཡཱའི་གྲོས་ཁང་ནང་ཞུགས་མེད། རོ་མཱ་ནི་ཡཱའི་རྩ་ཁྲིམས་ལྟར་ན། ཁོས་ཉིན་བཅུའི་དུས་ཚོད་ནང་སྲིད་གཞུང་རྩ་འཛུགས་བྱས་ཏེ་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་བརྩོན་ལེན་བྱས་ཆོག གལ་ཏེ་ཡིད་ཆེས་འདེམ་ཤོག་ཐོབ་ན་སྲིད་འཛིན་གྱིས་དངོས་སུ་སྐབས་གསར་བའི་སྲིད་གཞུང་བསྐོ་འཇོག་བྱས་ཆོག
ཐའོ་མཱ་ཚི་ཡིས་བསྟན་དོན། ཁོས་གྲོས་ཁང་ལ་ལག་རྩལ་དཔོན་རིགས་ཀྱིས་གྲུབ་པའི་ནེ་ཀིའི་མིང་ཐོ་ཞིག་སྤྲོད་རྒྱུ་ཡིན་ཟེར།
རོ་མཱ་ནི་ཡཱའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐའོ་མཱ་ཚི་ནི1981ལོའི་ཟླ6པའི་ཚེས27ཉིན་སྐྱེས་པ་དང་། 2024ལོའི་ཟླ6པར་ཡོ་རོབ་གླིང་གྲོས་ཁང་གི་གྲོས་མིར་བདམས་ཐོན་བྱུང་ནས། བསྐྱར་དར་ཡོ་རོབ་གླིང་ཏང་ཚོགས་ཀྱི་ཁོངས་མི་ཡིན།
བསོད་ནམས་ཚེ་རིང་གིས་བསྒྱུར།