
དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལྷོ་རྒྱུད་ཞི་པོ་ལོན་གྲོང་ཁྱེར་ནས་རླངས་འཁོར་ཞིག་ལ་མེ་མདས་བརྒྱབ་ནས། ཟླ་བ་བདུན་ཙམ་གྱི་ཕ་ལེ་སི་ཐན་གྱི་ཕྲུ་གུ་ཞིག་རྨས་ནས་རྐྱེན་ལམ་དུ་ཤོར།
ཕ་ལེ་སི་ཐན་གསར་འགྱུར་ཁང་གི་གནས་ཚུལ་ལྟར་ན། རྐྱེན་ལམ་དུ་ཤོར་བའི་ཕྲུ་གུ་དང་དེའི་ཕ་མ་གཉིས་པོ་ལི་ཧིན་གྲོང་ཁྱེར་ནས་ཡོང་བ་ཡིན་ལ། དོན་རྐྱེན་བྱུང་དུས་ཞི་པོ་ལོན་གྱི་གཉེན་ཉེར་སྐོར་རྒྱག་ཏུ་འགྲོ་བཞིན་ཡོད། ཕྲུ་གུའི་ཕ་མ་གཉིས་ལ་འཇབ་རྒོལ་ཁྲོད་རྨས་ཡང་མོ་ཕོག
དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་བསྟན་དོན། དབྱི་དམག་གིས་ཉིན་དེར་ཞི་པོ་ལོན་དུ་ལས་འགན་སྒྲུབ་དུས་རླངས་འཁོར་ཞིག་ཁོ་ཚོར་ཕྱོགས་ནས་མྱུར་དུ་སྐོར་ཡོང་བས། དབྱི་དམག་ཅིག་གིས་རླངས་འཁོར་ལ་མེ་མདས་ཐེངས་མང་དུ་བརྒྱབ་སྟེ། ཕ་ལེ་སི་ཐན་པ་གསུམ་ལ་རྨས་ཕོག བརྟག་དཔྱད་རགས་ཙམ་ལྟར་ན། རྨས་ཕོག་ཡུལ་ཚང་མ་མང་ཚོགས་ཕལ་བ་རེད། དོན་རྐྱེན་བརྟག་དཔྱད་ཀྱི་མཇུག་འབྲས་དབྱི་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཁག་ལ་ཞིབ་བཤེར་ཏུ་སྤྲོད་རྒྱུ་རེད།