ཁོ་ལོམ་པི་ཡའི་རྡོ་སོལ་གཏེར་ཁ་ཞིག་འགད་གཏོར་བྱུང་ནས་མི7རྐྱེན་ལམ་དུ་ཤོར།
ཁུངས། ཀློག་གྲངས།

ཁོ་ལོམ་པི་ཡའི་ས་གནས་སྲིད་གཞུང་གིས་ཚེས5ཉིན་བདེན་དཔང་ར་སྤྲོད་ལྟར་ན། རྒྱལ་ཁབ་འདིའི་དབུས་རྒྱུད་ཁོན་ཏི་ན་མ་ཁ་ཞིང་ཆེན་གྱི་སུའུ་ཐ་ཐའོ་ས་གྲོང་ཁྱེར་གྱི་རྡོ་སོལ་གཏེར་ཁ་ཞིག་སྔོན་ཉི་མར་འགད་གཏོར་བྱུང་ནས། གཏེར་ཁའི་བཟོ་བ་བདུན་རྐྱེན་ལམ་དུ་ཤོར།

ས་གནས་སྨྱན་སྦྱོར་གྱི་གནས་ཚུལ་ལྟར་ན། དོན་རྐྱེན་ནི་ཚེས4ཉིན་གྱི་ཕྱི་དྲོར་བྱུང་བ་དང་། འགད་གཏོར་ནི་ཁྲོན་འོག་གི་འབར་རླངས་གཟུགས་འདུས་ནས་བྱུང་བ་རེད། དོན་རྐྱེན་བྱུང་རྗེས་ས་དེའི་རོགས་སྐྱོབ་སྟོབས་ཤུགས་མྱུར་དུ་ཡུལ་དངོས་སུ་ཐོན་ཏེ་འཚོལ་སྐྱོབ་བྱས།

ཁོན་ཏི་ན་མ་ཁ་ཞིང་ཆེན་གྱི་འགོ་གཙོ་ཧའོ་འར་ཧི.ལེ་དབྱི་ཡིས་ཚེས5ཉིན་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་རྐྱེན་ལམ་དུ་ཤོར་བའི་མིང་ཐོ་བསྒྲགས་པ་མ་ཟད། ཁོ་ཚོའི་ཁྱིམ་མིར་སེམས་གསོ་བྱས། ཁོས་ཁོ་ལོམ་པི་ཡ་རྒྱལ་ཁབ་གཏེར་ལས་ཅུས་ཀྱིས་དོན་རྐྱེན་ལ་བརྟག་དཔྱད་བྱེད་ཟེར།

བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་སྲོལ་ལག་བསྟར་ནན་མོ་མ་བྱས་པས། ཁོ་ལོམ་པི་ཡ་དབུས་རྒྱུད་ས་ཁུལ་དུ་གཏེར་ཁའི་བཟོ་བ་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་མང་དུ་བྱུང་བ་རེད།