ཕ་ཁི་སི་ཐན་གྱི་ནང་སྲིད་པུའུ་ཀྲང་ཐེ་ཧེ་རན་དུ་འབྱོར་ནས་དབྱི་ལང་དང་ཨ་རིའི་བར་འདུམ་འགྲིག་བྱ་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕ་ཁི་སི་ཐན་གྱི་ནང་སྲིད་པུའུ་ཀྲང་ནཱ་ཁི་ཝེ་ཚེས6ཉིན་ཐེ་ཧེ་རན་དུ་འབྱོར་ཡོད་ཅིང་། སྔོན་དཔག་བྱས་ན་མི་འགྱངས་པར་དབྱི་ལང་གི་དཔོན་རིགས་དང་གྲོས་མོལ་བྱ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ནཱ་ཁི་ཝེ་ཡི་ཐེངས་འདིའི་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་འདུམ་འགྲིག་གི་ནུས་པ་འདོན་སྤེལ་བྱས་ནས། དབྱི་ལང་དང་ཨ་རིའི་དབར་གྱི་འབྲེལ་བ་ཛ་དྲག་ཅན་ཞི་ལྷོད་དུ་གཏོང་རྒྱུ་དེ་རེད། ནཱ་ཁི་ཝེ་ཡིས་ཚེས7ཉིན། དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀི་ཆི་དང་གྲོས་མོལ་བྱ་རྒྱུའི་འཆར་གཞི་བཀོད། 

བན་དེ་སྐྱབས་ཀྱིས་བསྒྱུར།