
ཧན་གོའི་སྲིད་འཛིན་ལིས་ཙེ་མེན་གྱིས་ཚེས7ཉིན་ཁེ་ལས་ཆུང་འབྲིང་གི་ལས་དོན་པུའུ་ཀྲང་ཧན་ཧྲིན་ཧྲུའུ་སྐབས་གསར་བའི་རྒྱལ་སྲིད་ཙུང་ལི་རུ་མིང་འདོན་བྱས།
ཧན་གོའི་སྲིད་འཛིན་གྱི་དྲུང་ཡིག་ཁང་གི་མགོ་བ་ཅང་ཞོན་ཀྲི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གོང་གི་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་རེད། ཆི་ཝ་ཐེ་ཕྱོགས་ཀྱིས་བསྟན་དོན། ཧན་ཧྲིན་ཧྲུའུ་ནི་མི་ཐབས་རིག་ནུས་ཀྱི་ཚུལ་བསྒྱུར་ཆེན་མོར་སྣེ་ཁྲིད་དང་དམངས་ཡོངས་ཀྱི་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པའི་མི་སྣ་འོས་འཚམ་ཞིག་ཡིན་ཟེར།
ཧན་ཧྲིན་ཧྲུའུ་ནི1967ལོར་ཅིན་ཅི་ཏའོ་ནས་སྐྱེས་པ་དང་། ཧན་གོའི་ཧྲུའུ་མེན་བུད་མེད་སློབ་ཆེན་གྱི་དབྱིན་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་པ་དང་། སྔོན་ཆད་ཧན་གོའི་མཉམ་འབྲེལ་དྲ་རྒྱའི་ཁེ་ལས་ཀྱི་སྣེ་ཁྲིད་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་པོའི་འགན་ཁུར་མྱོང་བ་དང་། 2025ལོར་ཁེ་ལས་ཆུང་འབྲིང་གི་ལས་དོན་པུའུ་ཀྲང་དུ་བསྐོ་འཇོག་བྱས་པ་རེད།
ལས་རིམ་ལྟར་ན། རྒྱལ་སྲིད་ཙུང་ལིའི་མིང་འདོན་ལ་རྒྱལ་ཚོགས་ཀྱིས་འདེམ་ཤོག་འཕངས་ནས་གྲོས་མཐུན་འབྱུང་དགོས་པ་རེད། ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། གལ་ཏེ་མཇུག་མཐར་རྒྱལ་ཚོགས་ནས་གྲོས་འཆམ་བྱུང་ན། ཧན་ཧྲིན་ཧྲུའུ་སྔོན་ཆད་ཀྱི་ཙུང་ལི་ཧན་མེན་ཧྲུའུ་རྗེས་ཀྱི་བུད་མེད་རྒྱལ་སྲིད་ཙུང་ལི་གཉིས་པར་འགྱུར་སྲིད།
བསོད་ནམས་ཚེ་རིང་གིས་བསྒྱུར།