
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་ཚེས8ཉིན་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་རྒྱུ་ལམ་བཀག་སྡོམ་བྱས་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། དབྱི་སི་རལ་གྱིས་མྱུར་མོར་ཅཱ་ཧྲ་རུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་བར་ཆོག་མཆན་འགོད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།
ཧཱ་ཁི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་དབྱི་སི་རལ་གྱིས་ཁའེ་ལོས་མུའུ་ཧྲ་ལོ་མུའུ་རྒྱུ་ལམ་དང་ལཱ་ཧྥ་རྒྱུ་ལམ་བཀག་སྡོམ་བྱེད་པ་དང་། དངོས་རྫས་དག་ཅཱ་ཧྲ་རུ་སྐྱེལ་མཚམས་བཞག་པའི་ཆོད་དོན་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། ཕྱོགས་སོ་སོས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འོས་འགན་གཞིར་བཟུང་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་མགྱོགས་ཤིང་བདེ་བླག་ངང་འདོན་སྤྲོད་བྱེད་པར་སྟབས་བདེ་བཟོ་དགོས་པའི་སྐུལ་མ་བཏང་། ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་ཀྱི་དགོས་མཁོ་ཆེན་པོ་ཡོད་ལ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ནི་ས་དེའི་མི་སེར་དཀྱུས་མའི་འཚོ་སྡོད་དང་བདེ་ཐང་ཐད་མེད་དུ་མི་རུང་བ་ཞིག་ཡིན་པས། མི་ཆོས་རིང་ལུགས་ཀྱི་དངོས་རྫས་དག་སྐྱེལ་འདྲེན་བྱེད་དུ་འཇུག་པར་ཐེ་གཏོགས་གཏན་ནས་བྱེད་མི་རུང་ཟེར།
དབྱི་ལིང་གིས་ཚེས7ཉིན་གྱི་དགོང་མོར་དབྱི་སི་རལ་ལ་འཕུར་མདའ་གཏོང་འཕེན་བྱས་རྗེས། དབྱི་སི་རལ་ཕྱོགས་ཀྱིས་ཚེས8ཉིན་ཅཱ་ཧྲ་ས་ཁུལ་དུ་འགྲོ་འོང་བྱེད་སའི་ཁའེ་ལོས་མུའུ་ཧྲ་ལོ་མུའུ་རྒྱུ་ལམ་དང་ལཱ་ཧྥ་རྒྱུ་ལམ་བཀག་སྡོམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། སྒོ་འབྱེད་བྱེད་པར་བརྡ་གཞན་དུ་གཏོང་སྲིད།
བསོད་ནམས་ཚེ་རིང་གིས་བསྒྱུར།