ཡོ་རོབ་གླིང་མནའ་འབྲེལ་གྱིས་འགྲུལ་བཞུད་རང་དབང་ལ་འཇིགས་ཉེན་བཟོས་པའི་མིང་ཐོག་ནས་དབྱི་ལིང་ལ་བཀག་སྡོམ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས8ཉིན་སྤྱི་སྒྲོག་སྤེལ་ཏེ། ཡོ་རོ་གླིང་མནའ་འབྲེལ་གྱིས་ཉིན་དེར་དབུས་ཤར་ས་ཁུལ་གྱི་འགྲུལ་བཞུད་རང་དབང་ལ་འཇིགས་ཉེན་བཟོས་པའི་མིང་ཐོག་ནས། དབྱི་ལིང་གི་མི་སྒེར་དང་ཚོགས་པར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པར་ཆོག་མཆན་བཀོད།

སྤྱི་སྒྲོག་ལས་བཤད་རྒྱུར། དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་སྲུང་རུ་ཁག་གི་མཚོ་དམག་གི་བཀོད་འདོམ་དཔོན་པོ་ཞིག་དང་། དབྱི་ལིང་གི་ནུས་ཁུངས་ཕྱིར་གཏོང་ལས་རིགས་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་མི་སྣ་གཅིག དབྱི་སི་ལན་གསར་བརྗེའི་ཉེན་སྲུང་རུ་ཁག་གི་མཚོ་དམག་ཁོངས་སུ་གཏོགས་པའི་ས་གནས་དམག་སྤྱི་ཁང་གཅིག་བཅས་བཀག་སྡོམ་མིང་ཐོའི་ནང་བཞག་ཡོད། འབྲེལ་ཡོད་ཀྱི་བཀག་སྡོམ་བྱེད་ཐབས་ལ་རྒྱུ་ནོར་བཀག་འཇོག་བྱེད་པ་དང་། མ་དངུལ་དང་དཔལ་འབྱོར་གྱི་ཐོན་ཁུངས་གཞན་པ་འདོན་སྤྲོད་བྱེད་པ་གཏན་འགོགས་དང་། འབྲེལ་ཡོད་མི་སྣ་དག་ཡོ་རོབ་གླིང་མནའ་འབྲེལ་གྱི་མངའ་ཁོངས་བརྒྱུད་པ་གཏན་འགོག་བྱེད་པ་སོགས་འདུས།

ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལཱ་སི་ཡིས་སེ་ཕུའུ་ལུའུ་སིའི་རྒྱལ་ས་ནེ་ཁི་ཞི་ཡཱ་ནས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཉིན་དེར་ཐོག་མར་འགྲུལ་བཞུད་རང་དབང་ལ་འཇིགས་ཉེན་བཟོས་པའི་མིང་ཐོག་ནས་དབྱི་ལིང་གི་མི་སྒེར་དང་ཚོགས་པར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།