
ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས8ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་ཞི་བའི་སྒོ་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པར་སྔར་བཞིན་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་ཀྱང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་འཕེལ་རིམ་དེར་འགོར་འགྱངས་བྱེད་བཞིན་ཡོད་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་ཚེས8ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གོང་གི་རྣམ་འགྱུར་དེ་བསྟན་པ་རེད། དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་ཚེས7ཉིན་ལོན་ཏོན་ནས་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་དང་གྲོས་མོལ་བྱས་ཏེ་མཉམ་འབྲེལ་གསལ་སྒྲོག་སྤེལ་བའི་གནས་ཚུལ་གླེང་སྐབས་ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་ཕྱོགས་གཅིག་ནས་ཞི་བདེ་གླེང་བ་དང་། ཕྱོགས་གཞན་ཞིག་ནས་ཝུའུ་ཁི་ལན་ལ་རོགས་བྱས་ནས་རྣམ་པ་གསར་བའི་མཚོན་ཆ་ཐོན་སྐྱེད་བྱས་ཏེ་འཐབ་འཁྲུག་མུ་མཐུད་དུ་སྤེལ་བར་རོགས་རམ་བྱེད་བཞིན་ཡོད། དེ་ལས་ཡོ་རོབ་གླིང་གི་རྒྱལ་ཁབ་ཀྱི་ངོ་གཉིས་མའི་སྣང་བརྙན་དང་འདོད་འདུན་ངོ་མ་དེ་མངོན་པར་མཚོན་ཡོད་ཟེར།
དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་ཚེས7ཉིན་ལོན་ཏོན་ནས་ཙེ་ལིན་སི་ཅི་དང་གྲོས་མོལ་བྱས་ཏེ་མཉམ་འབྲེལ་གསལ་སྒྲོག་སྤེལ། ཝུའུ་ཁི་ལན་དང་ཨུ་རུ་སིའི་ཐད་ཀར་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། ཞོར་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་རྗེས་མཐུད་ཀྱི་གྲོས་མོལ་ལ་དམིགས་པའི་བྱ་བ་སྣ་ཚོགས་ཐད་ནས་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་བར་མཐུན་སྦྱོར་ཟབ་མོ་བྱེད་དགོས་པ་ནན་བཤད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།