
དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས8ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་བསྟན་དོན། མིག་སྔར་དབྱི་ལིང་གི་འཇབ་རྒོལ་མཚམས་བཞག་ཡོད་ཀྱང་། གལ་ཏེ་དབྱི་ལིང་གིས་དབྱི་སི་རལ་ལ་འཇབ་རྒོལ་བྱས་ན། དབྱི་སི་རལ་གྱིས་དྲག་ཤུགས་རྒོལ་ལན་སྤྲོད་ངེས་ཡིན་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་རུང་བཤད་རྒྱུར། དབྱི་ལིང་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་འཇབ་རྒོལ་ལ་བརྟེན་ནས་དབྱི་སི་རལ་ལ་འཁོན་ལན་སློག་རྩིས་བྱས་པ་དང་། ཁོས་དེ་དང་ལེན་བྱེད་མི་སྲིད། དབྱི་སི་རལ་གྱིས་མུ་མཐུད་དུ་དགྲ་བོར་ཆམ་ཕབ་བཏང་སྟེ། དགོས་གལ་ཡོད་པའི་སྐབས་སུ་རང་སྲུང་བྱེད་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།