
ཚེས་བརྒྱད་ཉིན་གྱི་ཆུ་ཚོད7དང་སྐར་མ37གྱི་སྟེང་། ཧྥི་ལི་ཕིན་གླིང་ཚོམ་ས་ཁུལ་དུ་ཚད་རིམ7.9ཅན་གྱི་ས་ཡོམ་དྲག་པོ་བྱུང་བ་དང་། ཡོམ་ཁུངས་ཀྱི་ཟབ་ཚད་སྤྱི་ལེ40རེད། ཧྥི་ལི་ཕིན་གྱི་དམངས་སྲུང་སྡེ་ཁག་གིས་ས་ཡོམ་དྲག་པོའི་ཁྲོད་མི19རྐྱེན་ལམ་དུ་ཤོར་བ་དང་མི134ལ་རྨས་ཕོག་པར་བཤད། ས་གནས་དེ་གར་ཡོམ་འཕྲོ་ཐེངས་མང་བྱུང་བ་དང་། དེའི་ཁྲོད་ཀྱི་གཅིག་ཚད་རིམ6.7ལ་སླེབས། ཧྥི་ལི་ཕིན་རྒྱལ་ཁབ་གནོད་འཚེ་ཉུང་འཕྲི་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། ས་ཡོམ་དྲག་པོ་བྱུང་ནས་ས་ཆ་མང་པོའི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་དང་། གློག་ཤུགས་དང་འཕྲིན་གཏོང་ཞབས་ཞུར་ཤུགས་རྐྱེན་ཐེབས་ནས། ཡོམ་ཁུངས་ཉེ་འགྲམ་གྱི་སང་ཐོ་སི་དམག་སྤྱིའི་མཁར་གནམ་གྲུ་ཐང་གནས་སྐབས་སུ་སྒོ་རྒྱབ།