མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དབུས་ཤར་ས་ཁུལ་གྱི་འཇབ་རྒོལ་དོན་རྐྱེན་ཚང་མ་ངེས་པར་དུ་མྱུར་མོར་མཚམས་འཇོག་དགོས་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས9ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། དབུས་ཤར་ས་ཁུལ་གྱི་གནས་བབ་ཡང་བསྐྱར་ཛ་དྲག་ཏུ་གྱུར་བར་ཧ་ལས་པའི་ཚུལ་བསྟན་པར་མ་ཟད། འཇབ་རྒོལ་དོན་རྐྱེན་ཚང་མ་ངེས་པར་དུ་མྱུར་མོར་མཚམས་འཇོག་དགོས་པའི་ཚུལ་བསྟན། ལེ་པཱ་ནུན་དང་དབྱི་ལིང་། ཅཱ་ཧྲ་བཅས་ཀྱི་འཁྲུག་རྩོད་མཚམས་འཇོག་པར་ངེས་པར་དུ་བརྩི་འཇོག་གང་ལེགས་བྱས་ཏེ། མིག་སྔའི་ཕྱི་འབྲེལ་གྱི་གྲོས་མོལ་བྱ་བར་གཏོར་བརླག་གཏོང་བའི་བྱ་སྤྱོད་གང་རུང་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།