
པུར་ཀ་རི་ཡཱའི་ཙུང་ལི་ལཱ་ཏི་ཧྥུའུ་ཡིས་ཚེས10ཉིན་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྟེང་བཤད་རྒྱུར། པུར་ཀ་རི་ཡཱའི་དམག་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱེད་མི་སྲིད་ཟེར།
ལཱ་ཏི་ཧྥུའུ་ཡིས་བལྟས་ན། ཝུའུ་ཁི་ལན་གྱི་ཉམས་ཉེན་ལས་པུར་ཀ་རི་ཡཱ་ལ་སྤྱི་ཚོགས་དང་དཔལ་འབྱོར་གྱི་གྱོང་གུད་ཚབས་ཆེན་བཟོས་ཡོད་པར་འདོད། ཁོས་བསྟན་དོན། པུར་ཀ་རི་ཡཱ་ཡིས་དམག་དཔུང་གི་འགོག་སྲུང་ནུས་པ་མཐོར་འདེགས་བྱེད་པར་འབད་འབུངས་བྱེད་པ་ལས། མ་དངུལ་སྔར་ལས་མང་བོ་འཁྲུག་རྩོད་ཀྱི་ཕྱོགས་སུ་གཏོང་མི་སྲིད། དེ་ནི་ད་གཟོད་པུར་ཀ་རི་ཡཱའི་མ་འོངས་པའི་ངེས་པ་དོན་གྱི་དངུལ་གཏོང་རེད་ཟེར།
ལཱ་ཏི་ཧྥུའུ་ཡིས་བལྟས་ན། ཕྱོགས་སོ་སོས་ཨུ་རུ་སི་དང་ཝུའུ་ཁི་ལན་བར་གྱི་འཁྲུག་རྩོད་ཐད་དངོས་གཉེར་གྱི་རྣམ་འགྱུར་འཛིན་དགོས་པར་མ་ཟད། ཕྱི་འབྲེལ་གྱི་ཐག་གཅོད་ཐབས་ལམ་འཚོལ་ཞིབ་བྱེད་དགོས་ཟེར།
པུར་ཀ་རི་ཡཱ་རྒྱལ་ཁབ་རླུང་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་སོང་བའི་ཚུན་ལ། པུར་ཀ་རི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཝུའུ་ཁི་ལན་ལ་སྐོར་ཐེངས་བཅུ་གསུམ་གྱི་རོགས་སྐྱོར་འདོན་སྤྲོད་བྱས་ཀྱང་། རོགས་སྐྱོར་གྱི་རིགས་དང་རིན་ཐང་སོགས་གནས་སྐབས་སུ་ཁྱབ་བསྒྲགས་བྱས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།