ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་ཁུ་པཱའི་ཀོན་ཐཱ་ནཱ་མའོ་ཨ་མེ་རི་ཁའི་དམག་དོན་རྟེན་གཞིར་འཚམས་འདྲི་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཧི་ཀི་སེ་སི་ཡིས་ཚེས10ཉིན་ཨ་མེ་རི་ཁ་དང་ཁུ་པཱའི་འབྲེལ་བ་ཛ་དྲག་ཆེ་བའི་སྐབས་སུ་ཁུ་པཱའི་ཀོན་ཐཱ་ནཱ་མའོ་རུ་ཡོད་པའི་ཨ་མེ་རི་ཁའི་མཚོ་དམག་གི་དམག་དོན་རྟེན་གཞིར་འཚམས་འདྲི་བྱས་པར་མ་ཟད། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་འབྱུང་སྲིད་པའི་ཐོལ་བྱུང་གི་གནས་ཚུལ་གང་ཡིན་ལ་གདོང་གཏོད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཧི་ཀི་སེ་སི་ཡིས་བཤད་རྒྱུར། ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་རྟེན་གཞི་དེར་ལས་འགན་ལག་བསྟར་བྱེད་པར་མཁོ་བའི་ཆ་རྐྱེན་ཡོད་ཚང་ལྡན་པར་འགན་སྲུང་བྱེད་ཆེད་ཡིན་ཟེར།

ཁོས་ཨ་མེ་རི་ཁའི་དམག་མིར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཁུ་པཱའི་མ་འོངས་པ་ཨ་མེ་རི་ཁའི་སྲིད་འཛིན་དང་ཁུ་པཱའི་འགོ་ཁྲིད་རིམ་པའི་ལག་ཏུ་བཟུང་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་བརྙན་རིས་ལས་ཧི་ཀི་སེ་སི་ཡིས་བཤད་རྒྱུར། གལ་ཏེ་ཁུ་པཱ་ཡིས་ཀོན་ཐཱ་ནཱ་མའོ་ཨ་མེ་རི་ཁའི་མཚོ་དམག་གི་དམག་དོན་རྟེན་གཞིར་ཆམ་ཕབ་གཏོང་རྩིས་བྱེད་པ་ནི་བློ་གྲོས་མེད་པའི་བྱ་སྤྱོད་ཅིག་ཡིན་པ་དང་། དེ་ལས་ཁུ་པཱ་ཡིས་མཐོང་མི་འདོད་ཅིང་ཁག་ཁུར་མི་ཐུབ་པའི་གནས་ཚུལ་འབྱུང་སྲིད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།