ཨུ་རུ་སུས་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ་མང་པོ་གཏོར་བཤིག་བཏང་། ཝུའུ་ཁི་ལན་གྱིས་ཨུ་རུ་སུའི་ནུས་ཁུངས་སྒྲིག་བཀོད་ལ་རྡུང་རྡེག་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨུ་རུ་སུའི་མོ་སི་ཁོ་གྲོང་ཁྱེར་གྱི་འགོ་གཙོ་སུའོ་པེ་ཡ་ཉིན་གྱིས་ཚེས12ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར།  ཉིན་དེར་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ་མང་པོ་གཏོར་བཤིག་བཏང་ཟེར།   ཐ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན།   ཉིན་དེའི་སྔ་དྲོ་ནས་ཕྱི་དྲོའི་ཆུ་ཚོད་བཅུ་བཞིའི་བར་དུ།  བསྡོམས་པས་མི་མེད་གནམ་གྲུ་བཅུ་དྲུག་མོ་སི་ཁོར་བཅར་རྩིས་ཡོད་པའི་སྐབས་སུ་གཏོར་བཤིག་བཏང་བ་རེད།

ཝུའུ་ཁི་ལན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཚེས12ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར།    ཉིན་དེའི་ཞོགས་པར།    ཝུའུ་ཁི་ལན་གྱི་རྒྱལ་སྲུང་དམག་དཔུང་གིས་ཨུ་རུ་སུའི་ཏ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་དང་སཱ་མ་ལ་མངའ་སྡེའི་ནུས་ཁུངས་སྒྲིག་བཀོད་དང་དེ་བཞིན་ཨུ་རུ་སུའི་དམག་དཔུང་གི་ཏོན་ཉི་ཚི་ཁི་དང་ཀྲ་པའོ་ལུའོ་རེ།   ལུའུ་ཀན་སི་ཁི་སོགས་ས་ཁུལ་དུ་ཡོད་པའི་དམག་དོན་དང་མཁོ་སྒྲུབ་སྒྲིག་བཀོད་ལ་འཇབ་རྒོལ་བྱས་ཟེར།

ཝུའུ་ཁི་ལན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་བཤད་རྒྱུར།   ཏ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཏུ་ཡོད་པའི་ཁཱ་མུའུ་སི་ཁི་ཞོལ་མའི་ཏ་ཅི་སི་ཐན་རྡོ་སྣུམ་བཙོ་སྦྱང་ཕྱོགས་བསྡུས་སྒྲིག་གཞི་དང་ཐཱ་དབྱི་ཧྥུའུ་ཡི་ཁཱ་མུའུ་སི་ཁི་ཞོལ་མའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ།  དེ་བཞིན་སཱ་མ་ལ་མངའ་སྡེའི་ཐོ་ལི་ཡ་ཅི་ཁའོ་ཆིའུ་ཁི་རྡོ་སྣུམ་རྫས་འགྱུར་བཟོ་གྲྭ་བཅས་ལ་འཇབ་རྒོལ་བྱས་རྗེས་མེར་འབར་བ་རེད་ཟེར།

ལྷ་མོ་ཚེ་རིང་གིས་བསྒྱུར།