
དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས13ཉིན་གསལ་བསྒྲགས་མང་པོའི་ཁྲོད་བསྟན་དོན། དབྱི་སི་རལ་གྱིས་ལེ་པ་ནུན་ལྷོ་ཕྱོགས་སུ་བསྟུད་མར་དམག་དོན་འགུལ་སྐྱོད་སྤེལ་ནས། ལེ་པ་ནུན་ཀྲིན་ཀྲུའུ་ཏང་གི་དམག་དོན་རྨང་གཞིའི་སྒྲིག་བཀོད་དང་དྲག་ཆས་མི་སྣར་རྡུང་རྡེག་བཏང་ཡོད་ཟེར།
གསལ་བསྒྲགས་ལས་བཤད་རྒྱུར། འདས་པའི་གཟའ་འཁོར་གཅིག་གི་རིང་ལ། དབྱི་སི་རལ་གྱིས་ལེ་པ་ནུན་ལྷོ་ཕྱོགས་སུ་ཀྲིན་ཀྲུའུ་ཏང་གིས་བཀོལ་བཞིན་པའི་ས་འོག་རྒྱུ་ལམ་ཞིག་རྙེད་པ་དང་། དབྱི་སི་རལ་གྱིས་དམག་དཔུང་གིས་ས་འོག་རྒྱུ་ལམ་དུ་འགུལ་སྐྱོད་སྤེལ་བཞིན་པའི་ཀྲིན་ཀྲུང་ཏང་གི་དྲག་ཆས་མི་སྣ་བདུན་བསད་ཡོད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་གསལ་བསྒྲགས་གཞན་པ་ཞིག་ལས་བསྟན་དོན། འདས་པའི་ཆུ་ཚོད་ཉེར་བཞིའི་རིང་། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པ་ནུན་ལྷོ་ཕྱོགས་སུ་ཀྲིན་ཀྲུའུ་ཏང་གི་དམག་དོན་དམིགས་འབེན་བདུན་ཅུ་ལ་རྡུང་རྡེག་བཏང་བ་དང་། དེའི་ཁྲོད་དབྱི་སི་རལ་ཕྱོགས་ལ་འཇབ་རྒོལ་བྱེད་པའི་འཕེན་གཏོང་སྒྲིག་ཆས་དང་བཟོ་སྐྲུན་དངོས་རྫས་ཡོད་ཟེར། དེ་དང་མཉམ་དུ། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པ་ནུན་ལྷོ་ཕྱོགས་སུ་ཀྲིན་ཀྲུའུ་ཏང་གི་མི་སྣ་མང་པོ་བསད་ཡོད་ཟེར།
ཉིན་དེའི་སྔ་མོའི་དུས་ལ། དབྱི་སི་རལ་གྱིས་སྤྱི་ཚོགས་སྨྱན་བྱད་སྟེང་ཕྱིར་འཐེན་བཀའ་རྒྱ་སྤེལ་ནས། ལེ་པ་ནུན་ལ་བར་སྣང་འཇབ་རྒོལ་བྱེད་པའི་ཐ་ཚིག་སྒྲོག་པ་དང་། ལེ་པ་ནུན་གྱི་ས་ཁུལ་ཉི་ཤུ་ལྷག་གི་སྡོད་དམངས་མྱུར་དུ་ཕྱིར་འཐེན་བྱེད་པའི་བླང་བྱ་བཏོན་ཡོད་ཟེར།
དབྱི་སི་རལ་རྒྱལ་སྲུང་པུའུ་ཀྲང་ཁཱ་ཚི་ཡིས་ཚེས12ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱིས་དབྱི་སི་རལ་དང་། སི་རི་ཡ། ཅཱ་ཧྲ་རྒྱུད་བཅས་བཟུང་པའི་བདེ་འཇགས་ཁུལ་གྱི་དམག་དཔུང་ཕྱིར་འཐེན་བྱེད་མི་སྲིད་ཟེར།
དབྱི་ལང་སྨྱན་བྱད་ཀྱིས་ཚེས12ཉིན་བསྒྲགས་པ་ལྟར་ན། དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཨ་ལ་ཀི་ཆི་ཡིས་ཉིན་དེར་གྲོས་མོལ་ཁྲོད་ཀྱི་དབྱི་ལང་གི་ཨ་རིའི་བཟོད་སྒོམ་བརྗེད་ཐོ་ལས་དམག་འཐབ་ཡོངས་ཀྱི་དམག་འཁྲུག་མཚམས་འཇོག་པ་གཏན་འཁེལ་བྱས་ཡོད་ལ། དེའི་ཁྲོད་ལེ་པ་ནུན་མངའ་ཁོངས་ཀྱི་དམག་འཐབ་ཁུལ་ཚུད་ཡོད་ཟེར། ཁོས་བཤད་རྒྱུར། ང་ཚོས་ལེ་པ་ནུན་གྲོགས་མེད་ཁེར་རྐྱང་གི་གནས་སུ་ལྷུང་དུ་འཇུག་མི་སྲིད་ཟེར།
ལྷ་མོ་འཚོས་བསྒྱུར།