མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དབྱི་སི་རལ་གྱིས་ལེ་པཱ་ནུན་ལ་འཇབ་རྒོལ་བྱས་ཏེ་ཞི་བདེའི་ཐད་ཀྱི་བྱ་བར་གཏོར་བརླག་བཏང་བར་རྒོལ་གཏམ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས14ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེ་འཁྲུག་རྩོད་མཚམས་བཞག་པའི་སྐབས་སུ་བྱུང་བར་མ་ཟད། ཨ་མེ་རི་ཁ་དང་དབྱི་ལིང་གིས་གྲོས་མཐུན་ཅིག་འགོད་ལ་ཉེ་བ་དང་ཞི་བའི་སྒོ་ནས་འཁྲུག་རྩོད་ཐག་གཅོད་བྱེད་པར་རྨང་འདིང་བའི་སྐབས་སུ་འཁེལ་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། ཐེངས་འདིའི་འཁྲུག་རྩོད་ལས་གོ་ལ་ཧྲིལ་བོའི་དཔལ་འབྱོར་ཐད་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་ཟེར། ཁོས་ཕྱོགས་སོ་སོས་གནད་འགག་གི་དུས་སྐབས་དེར་གང་ནུས་ཀྱིས་རང་ཚོད་འཛིན་དགོས་པའི་སྐུལ་མ་བཏང་བར་མ་ཟད། ཨ་མེ་རི་ཁ་དང་དབྱི་ལིང་གིས་སྤེལ་བཞིན་བའི་ཞི་བདེའི་ཐད་ཀྱི་བྱ་བར་གྲུབ་འབྲས་བཟང་བོ་ཐོབ་པར་རེ་བཞིན་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།