
དབྱི་སི་རལ་ཕྱོགས་ཀྱིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་བཞི་ཉིན་ལེ་པ་ནོན་གྱི་རྒྱལ་ས་པེ་ལུའུ་ཐེ་ཏ་ཞིས་ཡེ་ས་ཁུལ་གྱི་ལེ་པ་ནོན་ཀྲིན་ཀྲུའུ་ཏང་ལ་རྡུང་རྡེག་བཏང་བ་དང་། ལེ་པ་ནོན་ཀྲིན་ཀྲུའུ་ཏང་གིས་དེའི་སྐོར་ལ་ལན་བཏབ་མེད།
དབྱི་སི་རལ་དམག་དཔུང་གིས་ཉིན་གཅིག་གི་སྔོན་ལ་བཤད་རྒྱུར། ཁོ་ཚོས་ལེ་པ་ནོན་གྱི་ལྷོ་རྒྱུད་དུ་ལེ་པ་ནོན་ཀྲིན་ཀྲུའུ་ཏང་གི་དམག་དོན་དམིགས་འབེན70ལྷག་ལ་རྡུང་རྡེག་བཏང་བ་རེད། ལེ་པ་ནོན་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་གསུམ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ3པའི་ཚེས2ཉིན་ནས་བཟུང་དབྱི་སི་རལ་གྱིས་ལེ་པ་ནོན་ལ་འཇབ་རྒོལ་བྱས་ནས་མི3756རྐྱེན་ལམ་དུ་ཤོར།