
ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས15ཉིན་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་སྲིད་འཛིན་ཨ་པཱ་སི་ཡིས་ཉིན་དེར་ཧིན་རྡུ་ཉི་ཞི་ཡཱའི་སྲིད་འཛིན་ཕུའུ་ལཱ་པའོ་ཨོ་ལ་ཁ་པར་གཏོང་སྐབས་བསྟན་དོན། ཕཱ་ལེ་སི་ཐན་གྱི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཟླ11པར་སྤེལ་རྒྱུ་ཡིན་པ་དང་། སྲིད་འཛིན་གྱི་འདེམ་བསྐོའི་བྱ་འགུལ་དེ2027ལོར་སྤེལ་རྒྱུ་ཡིན་ཟེར།
བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ཁ་པར་གཏོང་སྐབས་ཕཱ་ལེ་སི་ཐན་གྱི་གནས་བབ་གསར་བར་གྲོས་བསྡུར་བྱས། ཨ་པཱ་སི་ཡིས་བསྟན་དོན། ཁོས་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་བཅོས་བསྒྱུར་འཆར་གཞི་ལ་སྐུལ་འདེད་བཏང་སྟེ། དམངས་གཙོའི་འཕེལ་རིམ་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། ཨ་པཱ་སི་ཡིས2025ལོའི་ཟླ11པར་ཧྥ་རན་སི་རུ་འཚམས་འདྲི་བྱེད་སྐབས་བསྟན་དོན། ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱིས་བཅོས་བསྒྱུར་གྱི་དམ་བཅའ་བརྩི་སྲུང་བྱེད་རྒྱུ་ཡིན་ཞིང་། ཕཱ་ལེ་སི་ཐན་གྱི་རྩ་ཁྲིམས་དང་འདེམ་བསྐོའི་བཅའ་ཁྲིམས། སྲིད་ཏང་བཅའ་ཁྲིམས་བཅས་ཀྱི་རྩོམ་འབྲིའི་བྱ་བ་མཇུག་སྒྲིལ་ལ་ཉེ། ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་མཇུག་སྒྲིལ་རྗེས་སྲིད་འཛིན་གྱི་འདེམ་བསྐོའི་བྱ་འགུལ་དང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ལ་རྩ་འཛུགས་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།