
སུའེ་ཙེར་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། སུའེ་ཙེར་གྱི་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁ་དང་དབྱི་ལིང་གི་སྒྲོམ་གཞིའི་གྲོས་མཐུན་དེ་ཚེས19ཉིན་སུའེ་ཙེར་དབུས་ཕྱོགས་ཀྱི་ལུའུ་སེ་ཨིན་ཉེ་འདབས་ཀྱི་པུས་ཨར་ཀིན་རི་བོ་ནས་འགོད་རྒྱུ་ཡིན་པ་བདེན་དཔང་བྱས་ཡོད་ཟེར།
སུའེ་ཙེར་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ད་རུང་བཤད་རྒྱུར། གྲོས་མཐུན་འགོད་སའི་ས་གནས་ནི་པུས་ཨར་ཀིན་རི་བོའི་རྒྱས་སྤྲས་སྤྲོ་སྐྱིད་གླིང་ཞིག་ཡིན་ཟེར། སུའེ་ཙེར་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། གྲོས་མོལ་བྱེད་སའི་ས་གནས་དེར་ཕཱ་ཁི་སི་ཐན་དང་ཁཱ་ཐར། ཨ་མེ་རི་ཁ། དབྱི་ལིང་བཅས་ཀྱིས་མཉམ་དུ་གྲོས་གཞི་བཏོན་པ་ཡིན་ལ། སུའེ་ཙེར་གྱིས་གྲོས་མོལ་ལ་སྟབས་བདེ་བཟོ་བར་ཕྱི་འབྲེལ་ཆ་རྐྱེན་བསྐྲུན་ཡོད་ཟེར།
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས14ཉིན་དབྱི་ལིང་བར་འཐབ་འཁྲུག་མཚམས་འཇོག་པའི་བཟོད་སྒོམ་བརྗེད་ཐོ་བཀོད་པ་དང་། ཚེས19ཉིན་སུའེ་ཙེར་ནས་དངོས་སུ་གྲོས་མཐུན་འགོད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།