
ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་དཔོན་རིགས་ཤིག་གིས་ཚེས17ཉིན་ཨ་མེ་རི་ཁའི་ཁོ་ལོམ་པུ་ཡཱ་རྒྱང་སྒྲོག་ཀུང་ཟི་ལ་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལིང་གིས་གློག་རྡུལ་གྱི་ཐབས་ལ་བརྟེན་ནས་བཟོད་སྒོམ་བརྗེད་ཐོ་བཀོད་ཡོད་པ་དང་། བཟོད་སྒོམ་བརྗེད་ཐོ་དེ་ད་ལྟ་ནུས་ལྡན་དུ་གྱུར་ཡོད་ཟེར།
བསྒྲགས་པ་ལྟར་ན། མིག་སྔར་ད་རུང་ཚེས19ཉིན་སུའེ་ཙེར་ནས་སྤེལ་རྒྱུར་ཐག་བཅད་པའི་མིང་འགོད་མཛད་སྒོ་དེ་དུས་ལྟར་སྤེལ་རྒྱུ་ཡིན་མིན་གསལ་བོར་མི་ཤེས་ཟེར། ཉིན་དེའི་སྔ་དྲོར། ཨ་མེ་རི་ཁའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་གིས་སྨྱན་བྱད་ལ་ཨ་མེ་རི་ཁ་དང་དབྱི་ལིང་གིས་བཀོད་པའི་བཟོད་སྒོམ་བརྗེད་ཐོའི་དངོས་གཞིའི་མ་ཡིག་སྒྲོག་འདོན་བྱས།
གཞན་ཡང་ཨ་མེ་རི་ཁའི་ཨ་ཁི་ཞི་ཨོ་སི་གསར་འགྱུར་དྲ་ཚིགས་ཀྱིས་ཚེས17ཉིན་བསྒྲགས་པ་ལྟར་ན། ཧྥ་རན་སི་རུ་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་ལ་ཞུགས་པའི་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཉིན་དེར་ཧྥན་ཨར་སེ་ཕོ་བྲང་ནས་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་དང་མཉམ་དུ་དགོང་ཚིགས་གསོལ་སྟོན་ལ་རོལ་སྐབས་ཡིག་ཆ་དེ་བཀོད་པ་རེད་ཟེར། བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། དབྱི་ལིང་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་བཟོད་སྒོམ་བརྗེད་ཐོ་དེ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གློག་རྡུལ་གྱི་ཐབས་ལ་བརྟེན་ནས་མིང་འགོད་པར་འཐད་པ་བྱུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།