ཨ་མེ་རི་ཁའི་གནོན་ཤུགས་འོག་དབྱི་སི་རལ་གྱིས་སི་རི་ཡཱའི་བར་གྱི་གྲོས་མོལ་སླར་གསོ་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་སི་རལ་གྱི་སྤྱི་བའི་རྒྱང་སྒྲོག་ཀུང་ཟིའི་བརྙན་འཕྲིན་ཁང་གིས་ཚེས17ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་གནོན་ཤུགས་འོག ཚོད་དཔག་བྱས་ན་དབྱི་སི་རལ་དང་སི་རི་ཡཱ་ཡིས་ཉེ་ལམ་གྲོས་མོལ་སླར་གསོ་བྱེད་རྒྱུ་རེད་ཟེར།

བསྒྲགས་པ་ལྟར་ན། ཟླ་ངོ་འགའི་རིང་མཚམས་བཞག་རྗེས། དབྱི་སི་རལ་དང་སི་རི་ཡཱ་ཕྱོགས་གཉིས་ཀྱིས་གྲོས་མོལ་སླར་གསོ་བྱེད་རྒྱུ་རེད། དེ་ནི་ད་ལོའི་ཟླ་གཉིས་པའི་ཟླ་མཇུག་ཏུ་དབྱི་སི་རལ་དང་དབྱི་ལིང་བར་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་དང་སི་རི་ཡཱ་ཕྱོགས་གཉིས་ཀྱིས་ཐོག་དང་པོར་འབྲེལ་ཡོད་གྲོས་མོལ་སླར་གསོ་བྱས་པ་རེད།

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་དབྱི་སི་རལ་དང་སི་རི་ཡཱའི་གྲོས་མོལ་སླར་གསོ་བྱེད་པར་སྐུལ་འདེད་བཏང་བ་དང་། དམིགས་ཡུལ་ནི་སི་རི་ཡཱའི་བར་བརྒལ་སྲིད་གཞུང་གི་སྲིད་འཛིན་ཧྲ་ལཱའི་སྟོབས་ཤུགས་ལ་བརྟེན་ནས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ནུས་པ་ཇེ་ཞན་དུ་གཏོང་ཆེད་རེད།

བསྒྲགས་པ་ལྟར་ན། ཧྲ་ལཱ་མི་སྒེར་དང་དབྱི་སི་རལ། ལེ་པཱ་ནུན་བཅས་གང་ཡིན་ཡང་མིག་སྔར་ཚང་མས་ཐི་ལིང་ཕུའུ་ཡི་གྲོས་གཞི་དེར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་མེད།

བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱི་ལིང་གིས་བཟོད་སྒོམ་བརྗེད་ཐོ་བཀོད་ཀྱང་། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་རྒྱལ་སྲུང་བློན་ཆེན་ཁཱ་ཚི་གཉིས་ཀྱིས་ཉེ་སྔོན་བསྟན་དོན། དབྱི་སི་རལ་གྱིས་ལེ་པཱ་ནུན་དང་སི་རི་ཡཱ། ཅཱ་ཧྲ་བཅས་ཀྱི་བདེ་འཇགས་ས་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱེད་མི་སྲིད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།