དབྱི་ཐཱ་ལེའི་ཙུང་ལི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕོ་ཉ་མངགས་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་ཨུ་རུ་སིར་འབྲེལ་འདྲིས་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

དབྱི་ཐཱ་ལེའི་ཙུང་ལི་མཱེ་ལོ་ནེ་ཡིས་ཚེས17ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཆེད་མངག་ཕོ་ཉ་ཞིག་མངགས་ཏེ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་ཨུ་རུ་སིའི་བར་འབྲེལ་འདྲིས་བྱེད་དགོས་པའི་འབོད་སྐུལ་བཏང་།

མཱེ་ལོ་ནེ་ཡིས་ཉིན་དེར་ཧྥ་རན་སིའི་ཨེ་ཝེ་ཨང་ལའེ་པན་གྱི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཆེད་མངག་ཕོ་ཉ་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཆེས་ཆེ་བའི་ཁོངས་གཏོགས་རྒྱལ་ཁབ་འགའ་ནས་གདམ་མི་འོས་ཟེར། ཁོ་མོས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཚབ་བྱེད་པའི་འབོད་སྒྲ་ཞིག་རྙེད་པར་གལ་འགངས་ཧ་ཅང་ཆེ་བ་དང་། ཨུ་རུ་སིའི་བར་འབྲེལ་འདྲིས་བྱེད་སྐབས་ཡོ་རོབ་གླིང་ནང་ཁུལ་དུ་ཕྱི་འབྲེལ་གྱི་ཐབས་ལམ་མང་དྲགས་ན་རྙོག་དྲ་བཟོ་སྲིད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།