ཨ་མེ་རི་ཁའི་དམག་དཔུང་གིས་སི་རི་ཡཱ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འགོ་བ་ཞིག་བསད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས24ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས19ཉིན་སི་རི་ཡཱའི་ནུབ་བྱང་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འགོ་བ་གཙོ་བོ་ཞིག་བསད་ཟེར།

ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་བར་སྣང་འཇབ་རྒོལ་འགུལ་སྐྱོད་སྤེལ་སྐབས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འགོ་བ་གཙོ་བོ་ཝུའུ་ལའེ་ཝེ་བསད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་ཨ་མེ་རི་ཁ་ཕྱོགས་ཀྱིས་བསྟུད་མར་འབད་འབུངས་བྱས་པའི་མཇུག་འབྲས་ཡིན་པ་དང་། དམིགས་ཡུལ་ནི་ཕྱི་རྒྱལ་དུ་ཡོད་པའི་ཨ་རི་བ་དང་ཨ་མེ་རི་ཁའི་ས་ཁོངས་རང་ལ་འཇབ་རྒོལ་བྱེད་རྩིས་ཡོད་པའི་འཇིགས་སྐུལ་ཉེས་ཅན་ཚར་གཅོད་བྱེད་ཆེད་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།