ཝེ་ནེ་ཙུའེ་ལ་རུ་ས་ཡོམ་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས2645ལ་སླེབས་ཡོད།
ཁུངས། ཀློག་གྲངས།

ཝེ་ནེ་ཙུའེ་ལ་རྒྱལ་ཡོངས་འཐུས་ཚབ་ཚོགས་ཆེན་གྱི་ཀྲུའུ་ཞི་ཧའོ་འར་ཧི་.ལུའོ་ཏི་ལི་ཀི་སི་ཡིས་ཚེས3ཉིན་བཤད་རྒྱུར། རྒྱལ་ཁབ་འདིར་ཉེ་སྔོན་ས་ཡོམ་དྲག་པོ་གཉིས་བྱུང་བ་ལས་མི2645རྐྱེན་ལམ་དུ་ཤོར་བ་དང་མི་ཆིག་ཁྲི་ཉིས་སྟོང་དྲུག་བརྒྱ་རེ་དྲུག་ལ་རྨས་ཕོག

ལུའོ་ཏི་ལི་ཀི་སི་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་བསྒྲགས་པའི་གཞུང་ཕྱོགས་སྡོམ་རྩིས་གཞི་གྲངས་ལྟར་ན། མིག་སྔའི་བར་དུ་མི6462བསྐྱབས་པ་དང་། མི་ཆིག་ཁྲི་ལྔ་སྟོང་ལྔ་བཅུ་ཁྱིམ་ལ་ལོག་ཐབས་མེད་པར་གྱུར་ཡོད། རྒྱལ་ཁབ་འདིའི་བཟོ་བཀོད885ལ་གཏོར་བརླག་ཐེབས་ཤིང་། དེའི་ཁྲོད་བཟོ་བཀོད189ཡོངས་སུ་བརླག་ཚར།

གཞི་གྲངས་ལས་མངོན་པ་ལྟར་ན། ཟླ6པའི་ཚེས24ཉིན་ས་ཡོམ་བྱུང་བའི་ཚུན་ལ། ཝེ་ནེ་ཙུའེ་ལ་རུ་ཡོམ་འཕྲོ་ཟིན་ཐོར་བཀོད་ཐེངས890ལ་སླེབས་ཡོད།