ཙེ་ལིན་སི་ཅི་ཡིས་བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་གྱི་མཁའ་སྲུང་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་སྐུལ་མ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས7ཉིན་བྱང་ཆིངས་རྩ་འཛུགས་ཀྱི་རྩེ་ཚོགས་སྐབས་སུ་བྱང་ཆིངས་རྩ་འཛུགས་དང་དེའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་གྱི་མཁའ་སྲུང་རོགས་སྐྱོར་ལ་ཤུགས་སྣོན་དགོས་པའི་སྐུལ་མ་བཏང་།

ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། མཁའ་སྲུང་ནི་ཝུའུ་ཁི་ལན་གྱི་མིག་སྔའི་ལས་འགན་གཙོ་བོ་ཡིན། ཝུའུ་ཁི་ལན་གྱིས་འགོག་སྲུང་ཐད་ཀྱི་ལས་འགན་མང་བོ་རང་བདག་གིས་ཡོངས་འགྲུབ་བྱེད་པའི་ནུས་པ་ཡོད་ཀྱང་། མཁའ་སྲུང་ཁྱབ་ཁོངས་སུ་སྔར་བཞིན་གྲོགས་པོ་དག་གིས་སྔར་ལས་ལྷག་པའི་ཆོད་སེམས་སྟོན་དགོས་ཟེར།

ཙེ་ལིན་སི་ཅི་ཡིས་ད་རུང་བསྟན་དོན། ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁའི་བར་རྒྱལ་གཅེས་མཁན་གྱི་མཁའ་སྲུང་མ་ལག་གི་ཐོན་སྐྱེད་དབང་ཆའི་གནད་དོན་ལ་གྲོས་བསྡུར་བྱས་ཡོད། ཁོས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཚེས8ཉིན་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་མཉམ་དུ་རྒྱལ་གཅེས་མཁན་གྱི་མ་ལག་དང་བཅས་པའི་གྲོས་གཞི་མང་བོར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།