
ཝེ་ནེ་ཙུའེ་ལཱའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཧའོ་ཨར་ཧི་ལོ་ཏི་ལི་ཀི་སི་ཡིས་ཚེས9ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཝེ་ནེ་ཙུའེ་ལཱ་རུ་ཉེ་སྔོན་བྱུང་བའི་ས་ཡོམ་དྲག་པོ་ཐེངས་གཉིས་ལས་མི3889རྐྱེན་ལམ་དུ་ཤོར་བ་དང་། མི16740ལ་རྨས་ཕོག་ཡོད་ཟེར།
ཝེ་ནེ་ཙུའེ་ལཱའི་བསྡོམས་རྩིས་གཞི་གྲངས་གསར་བ་ལྟར་ན། མིག་སྔའི་བར་དུ་མི6462བསྐྱབས་ཡོད་དང་། སྔར་བཞིན་མི17907ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད། ཟླ6པའི་ཚེས24ཉིན་ས་ཡོམ་དྲག་པོ་བྱུང་བའི་ཚུན་ལ། རྒྱལ་ཁབ་དེར་ས་ཡོམ་ཆུང་བ་ཐེངས1142བྱུང་བ་ཐོ་འགོད་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།