ཐེ་གོའི་མན་ཀུའུ་ཡི་ཝུ་ཆང་ཟ་ཁང་ཞིག་ཏུ་མེ་སྐྱོན་བྱུང་སྟེ་མི27རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཐེ་གོའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ས་དེའི་ཚེས12ཉིན་གྱི་དགོང་མོའི་དུས་ཚོད11དང་སྐར་མ27སྟེང་། ཐེ་གོའི་རྒྱལ་ས་མན་ཀུའུ་ཡི་ཀྲ་ཏི་ཀྲ་ས་ཁུལ་གྱི་ལཱ་ཕའོ་ལམ་ཉེ་འདབས་སུ་ཡོད་པའི་ཝུ་ཆང་ཟ་ཁང་ཞིག་ཏུ་མེ་སྐྱོན་བྱུང་སྟེ། མི27རྐྱེན་ལམ་དུ་ཤོར་བ་དང་། མི10ལྷག་ལ་རྨས་ཕོག་ཟེར།

མིག་སྔར་མེ་བསད་ཡོད་ལ། རྨས་མ་ཚང་མ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།

ས་དེའི་ཚེས13ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་དང་སྐར་མ་ཞེ་བཞི་ཡས་མས་སུ། ཐེ་གོའི་ཙུང་ལི་ཨ་ནོའུ་ཐིན་དོན་རྐྱེན་བྱུང་སར་སོང་སྟེ། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་དགོས་པའི་ཚུལ་བསྟན།

བསོད་ནམས་ཚེ་རིང་གིས་བསྒྱུར།