
ཁ་ན་ཏ་ཉེན་རྟོག་ཕྱོགས་ཀྱིས་ཚེས11ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་གྲོང་ཁྱེར་ཆེས་ཆེ་བ་ཏོ་ལོན་ཏོ་རུ་ཉིན་དེའི་དགོང་མོར་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི2རྐྱེན་ལམ་དུ་ཤོར་ཞིང་། མི6རྨས།
ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་བཤད་རྒྱུར། ས་དེའི་དུས་ཚོད20དང་སྐར་མ12སྟེང་ཉེན་རྟོག་པར་གཏུག་མཁན་གྱིས་བཤད་རྒྱུར། གྲོང་ཁྱེར་དེའི་ཧྲིན་ཁི་ལའེ་འར་ནུབ་མའི་ལམ་ཆེན་དུ་སྤེལ་བའི་ཧྲིན་ཁི་ལའེ་འར་ས་འར་ས་དུས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་། ཉེན་རྟོག་ཕྱོགས་ཀྱིས་ཡུལ་དངོས་ཚོད་འཛིན་བྱས་ཤིང་། ཉེན་རྟོག་པ་སྐོར་ཁག་ཆེན་པོ་སྔར་བཞིན་ཡུལ་དངོས་སུ་བསྡད་དེ་བརྟག་དཔྱད་བྱེད་ཀྱིན་ཡོད། མིག་སྔར། ཉེན་རྟོག་ཕྱོགས་ཀྱིས་མེ་མདས་རྒྱག་མཁན་གྱི་བྱེ་བྲག་ཆ་འཕྲིན་བསྒྲགས་མེད།
ཧྲིན་ཁི་ལའེ་འར་ས་འར་ས་དུས་ཆེན་ནི་ཏོ་ལོན་ཏོ་ཡི་ལོ་རྒྱུས་ཡུན་རིང་བའི་ལོ་འཁོར་གྱི་ལ་ཏིང་བརྗོད་དོན་བྱས་པའི་རིག་གནས་བྱེད་སྒོ་ཞིག་ཡིན་ཞིང་། དུས་ཡུན་ཉིན་གཉིས་ཡིན། ནང་དོན་ལ་ཡུལ་དངོས་རོལ་མོ་དང་ཞབས་བྲོ་འཁྲབ་སྟོན། རིག་གནས་འགྲེམ་འཁྲབ་འདུས་ཡོད། ལོ་རེར་མང་ཚོགས་དང་ཡུལ་སྐོར་བ་མང་པོ་ཟབ་ཞུགས་བྱེད་པར་བཀུག་ཡོད།