ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀུའུ་ཀི་ཡིས་ཨན་ཀྲའོAIབྱེད་ནུས་སྒོ་འབྱེད་བྱས་ཏ་འཚོལ་བཤེར་གཞི་གྲངས་མཉམ་སྤྱོད་བྱེད་དགོས་པའི་རེ་བ་བཏོན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས16ཉིན་ཁྱབ་བསྒྲགས་བྱས་དོན། གཞི་གྲངས་ཚོང་རའི་བཅའ་ཁྲིམས་འཆར་ཟིན་གཞིར་བཟུང་སྟེ། ཨ་མེ་རི་ཁའི་ཀུའུ་ཀི་ཀུང་ཟི་ལ་བཅའ་ཁྲིམས་ཀྱི་ཚད་བཀག་ཡོད་པའི་ཚད་ལྡན་བྱེད་ཐབས་སྣ་གཉིས་བཏོན་ནས། ཀུའུ་ཀི་ཡིས་འགྲན་རྩོད་འགྲན་ཡར་ཨན་ཀྲའོ་བེད་སྤྱོད་མ་ལག་གི་མི་ཐབས་རིག་ནུས་ཀྱི་འབྲེལ་ཡོད་བྱེད་ནུས་སྒོ་འབྱེད་བྱེད་དགོས་པར་མ་ཟད། ཕྱོགས་གསུམ་པའི་འཚོལ་བཤེར་ཐད་འཚོལ་བཤེར་གཞི་གྲངས་མཉམ་སྤྱོད་བྱས་ཏེ། གཞི་གྲངས་ཚོང་རའི་འགྲན་རྩོད་ཇེ་དྲག་ཏུ་གཏོང་དགོས་པའི་རེ་བ་བཏོན།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། བྱེད་ཐབས་དང་པོ་ལྟར་ན། ཕྱོགས་གསུམ་པའི་AIརོགས་འདེགས་ཀྱིས་ཀུའུ་ཀིའི་ཁོངས་སུ་གཏོགས་པའི་AIཞབས་ཞུའི་སྟེགས་བུ་སོགས་ལས་ཀུའུ་ཀིའི་ཨན་ཀྲའོ་སྒྲིག་ཆས་སྟེང་གི་བྱེད་ནུས་བཀོལ་ཆོག་པ་ཡིན།

བྱེད་ཐབས་གཉིས་པ་ལས་ཀུའུ་ཀི་ཡིས་ཕྱོགས་གསུམ་པའི་འཚོལ་བཤེར་ཐད་འཚོལ་བཤེར་གཞི་གྲངས་མཉམ་སྤྱོད་བྱེད་དགོས་པའི་རེ་བ་བཏོན་ཡོད། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་བལྟས་ན། གཞི་གྲངས་མཉམ་སྤྱོད་བྱས་ནས་ཕྱོགས་གསུམ་པའི་འཚོལ་བཤེར་གསར་སྤེལ་དང་ཞབས་ཞུ་ལེགས་བསྒྱུར་བྱེད་པར་བྱས་ཏེ། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པར་འདོད།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཀུའུ་ཀི་ཡིས་དུས་ཚོད་རེའུ་མིག་ལྟར་འབྲེལ་ཡོད་བྱེད་ཐབས་དངོས་འབེབས་བྱེད་དགོས་པའི་རེ་བ་བཏོན། 2027ལོའི་ཟླ་དང་པོ་ནས་བཟུང་ཆ་རྐྱེན་དང་འཚམ་པའི་ཕྱོགས་གསུམ་པའི་འཚོལ་བཤེར་ཐད་འཚོལ་བཤེར་གཞི་གྲངས་མཉམ་སྤྱོད་བྱེད་དགོས་ལ། བཀོལ་སྤྱོད་མཁན་གྱིས2027ལོའི་ཟླ7པ་ནས་བཟུང་ལེགས་བསྒྱུར་བྱས་རྗེས་ཀྱི་ཨན་ཀྲའོ་མ་ལག་བེད་སྤྱོད་བྱས་ཆོག་པ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།