ཙེ་ལིན་སི་ཅི་ཡིས་ཧི་ཨར་མཱ་ལཱ་ཝུའུ་ཁི་ལན་གྱི་རྒྱལ་སྲུང་བློན་ཆེན་ཚབ་མར་བསྐོ་འཇོག་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས16ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་འགན་ཁུར་བ་ཧི་མཱ་ལཱ་ཡིས་རྒྱལ་སྲུང་བློན་ཆེན་ཚབ་མའི་འགན་ཁུར་ནས། རྒྱལ་སྲུང་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དུ་བཅུག་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། འབྲེལ་ཡོད་ཀྱི་བཅའ་ཁྲིམས་ལས་རིམ་ཡོངས་འགྲུབ་བྱས་རྗེས། ཁོས་གྲོས་ཁང་ལ་སྤྲད་དེ་ཧི་མཱ་ལཱ་ཡིས་ཝུའུ་ཁི་ལན་གྱི་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་བར་རྒྱབ་སྐྱོར་བྱེད་དུ་འཇུག་རྒྱུ་ཡིན་ཟེར།

ཙེ་ལིན་སི་ཅི་ཡིས་བསྟན་དོན། ཁོ་དང་ཧི་མཱ་ལཱ་གཉིས་ཀྱིས་ཨུ་རུ་སིར་རྒྱང་བསྟེན་ཆམ་ཕབ་གཏོང་བའི་འགུལ་སྐྱོད་དང་། ཝུའུ་ཁི་ལན་གྱི་བདེ་འཇགས་སྡེ་ཁག་དང་རྒྱལ་སྲུང་དམག་དཔུང་ལ་དགོས་ངེས་ཀྱི་སྒྲིག་ཆས་འདོན་སྤྲོད་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

ཝུའུ་ཁི་ལན་གྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧི་མཱ་ལཱ་ནི་ཝུའུ་ཁི་ལན་གྱི་ཧྲའོ་ཅང་གི་ཐོབ་ཡོད་པའི་དམག་དཔོན་ཡིན་ཞིང་། སྔོན་ཆད་ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་ཨ་ཨར་ཧྥ་དམིགས་བསལ་འཐབ་འཁྲུག་ལྟེ་གནས་ཀྱི་འགན་ཁུར་བའི་ལས་འགན་ཁུར་བ་དང་། 2026ལོའི་ཟླ་དང་པོར་ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་ཅུའུ་ཀྲང་ཚབ་མའི་འགན་ཁུར་བ་རེད།

བསོད་ནམས་ཚེ་རིང་གིས་བསྒྱུར།