
ཨ་ཧྥུ་ཧན་གྱི་རྒྱལ་ས་ཁཱ་པུའུ་འར་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཧ་ལ་ཏི.ཀྲ་ཏི་ལན་གྱིས་ཚེས2ཉིན་བསྟན་དོན། ཉེན་རྟོག་ཕྱོགས་ཀྱིས་ཚེས1ཉིན་གྱི་དགོང་མོར་ཁཱ་པུའུ་འར་ནས་དྲག་ཆས་མི་སྣའི་ཚོགས་པ་ཞིག་ལ་འཐབ་འཁྲུག་བྱས་ཏེ། མི7བསད།
ཀྲ་ཏི་ལན་གྱིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེང་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཚེས1ཉིན་གྱི་དགོང་མོའི་དུས་ཚོད་དགུ་ཡས་མས་སུ། ཉེན་རྟོག་ཕྱོགས་ཀྱིས་དྲག་ཆས་མི་སྣ7དང་ཁཱ་པུའུ་འར་གྱི་ཉེན་རྟོག་ས་ཁུལ8པ་རུ་འཐབ་འཁྲུག་བྱས་ཏེ། དྲག་ཆས་མི་སྣ7ཚང་མ་བསད་པ་རེད། ཉེན་རྟོག་ཕྱོགས་ཀྱིས་ད་རུང་རླངས་འཁོར་གཅིག་དང་དྲག་ཆས་མདེལ་རྫས་སྐོར་ཅིག་རྩིས་ལེན་བྱས་ཡོད་ཟེར།