
ཡོ་རོབ་ཀྱི་རྒྱལ་ཁབ་མང་པོར་བསྟུད་མར་ཚ་བ་རྒྱས་པ་དང་ཐན་པ་བྱུང་ནས། ཏོ་ནའོ་ཆུ་བོའི་ཡོ་རོབ་ཀྱི་ས་ཆ་མང་པོའི་ཆུ་རྒྱུད་ཀྱི་ཆུ་བོ་ཆེས་ཆེར་འགྲིབ། ཧང་ག་རིའི་ཙུང་ལི་མའོ་ཅའོ་ཨར་གྱིས་ཚེས1ཉིན་གྱི་མཚན་གུང་དུ་བསྟན་དོན། ཏོ་ནའོ་ཆུ་བོའི་ཆུ་གནས་འགྲིབ་པས་རྒྱལ་ཁབ་དེའི་ཉིང་གློག་ས་ཚིགས་གཅིག་པུ་སྟེ། པའོ་ཁི་ཧྲི་ཉིང་གློག་ས་ཚིགས་ཚེས2ཉིན་སྒོ་བརྒྱབ་ལ། འདི་ནི་ཉིང་གློག་ས་ཚིགས་དེའི་ལོ44ཡི་ལོ་རྒྱུས་ཐོག་ཐེངས་དང་པོར་གནས་ཚུལ་འདིའི་རིགས་བྱུང་བ་རེད། ཧང་ག་རིའི་ཆུ་དོན་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ས་དེའི་ཚེས1ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཅིག་སྟེང་ཏོ་ནའོ་ཆུ་བོའི་པུའུ་ཏ་ཕེ་སིའི་མཚམས་ཀྱི་ཆུ་གནས་ལི་སྨི16འགྲིབ་སྟེ། ལོ་རྒྱུས་ཀྱི་ཆེས་དམའ་ཤོས་སུ་སླེབས། མའོ་ཅོ་ཨར་གྱིས་མ་འོངས་པར་ཧང་ག་རི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་ནུས་ཁུངས་མཁོ་སྤྲོད་ཀྱི་ཉམས་ཉེན་ལ་འཕྲད་རྒྱུ་རེད་ཟེར།
ཁི་ལོ་ཏི་ཡ་རུ། ཏོ་ནའོ་ཆུ་བོའི་ཆུ་གནས་ཀྱང་ལོ་རྒྱུས་ཀྱི་དམའ་ཤོས་སུ་སླེབས་འདུག རྒྱལ་ཁབ་དེའི་ཤར་རྒྱུད་ཀྱི་པ་ཏི་ན་སྡེ་བ་རུ་གཟའ་འཁོར་སྔོན་མའི་གཟའ་འཁོར་གཅིག་གི་ཆུའི་ཆུ་གནས་ལི་སྨི130ལས་བརྒལ་བ་འགྲིབ་ཡོད།
འཇར་མན་དུ་ལའེ་དབྱིན་གཙང་པོའི་ཆུ་གནས་མུ་མཐུད་དུ་འགྲིབ་བཞིན་འདུག ཚེས1ཉིན། ཁི་ལུང་ཆུ་དཔྱད་ས་ཚིགས་ཀྱི་ཆུ་གནས་ལི་སྨི67ནས68བར་འགྲིབ་པ་དང་། ཏུའུ་དབྱི་སི་པའོ་ལུའུ་ཨར་ཨའོ་ཐི་ཆུ་དཔྱད་ས་ཚིགས་ཀྱི་ཆུ་གནས་ལི་སྨི153བར་འགྲིབ་སྟེ། ལོ་རྒྱུས་ཀྱི་ཟིན་ཐོ་གསར་བར་སླེབས། ལའེ་དབྱིན་ཆུ་བོའི་ཆུ་གནས་དམའ་མོས་འཇར་མན་རྒྱལ་ནང་གི་ཆུ་ཐོག་སྐྱེལ་འདྲེན་ལ་ཤུགས་རྐྱེན་ཐེབས་ནས་འཇར་མན་གྱི་དཔལ་འབྱོར་ལ་སྔར་ལས་གནོན་ཤུགས་བྱིན།
དབྱིན་ཇིའི་དབྱིན་ཀི་ལན་དུ་ས་ཁུལ་ཕྱེད་ཀ་ཙམ་ཐན་སྐམ་གྱི་རྣམ་པར་གནས་ཡོད། ས་ཆ་མང་པོ་ཞིག་གི་རྩྭ་ས་སྐམ་ཤས་ཆེ་བས་བརྒྱ་ཆའི་བརྒྱད་ཅུའི་ཆུ་བོའི་ཆུ་གནས་རྒྱུན་ལྡན་གྱི་ཆུ་ཚད་ལས་དམའ་བ་རེད།