
ཚེས2ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཨུ་རུ་སུའི་མཁའ་ཟོན་སྟོབས་ཤུགས་ཀྱིས་ཉིན་དེར་ས་ཆ་མང་པོ་རུ་བསྡོམས་པས་མི་མེད་གནམ་གྲུ1158སར་འཕངས། ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། གྲངས་ཀ་འདིས་ཉིན་གཅིག་གི་མཐོ་ཚད་གསར་པ་བསྐྲུན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ད་རུང་བཤད་རྒྱུར། ཨུ་རུ་སུའི་དམག་དཔུང་གིས་ཚེས2ཉིན་ཝུའུ་ཁི་ལན་དམག་དཔུང་གིས་སྤྱོད་པའི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ལ་རྡུང་རྡེག་བཏང་ཟེར།
ཝུའུ་ཁི་ལན་ཕྱོགས་ཀྱིས་ཚེས་གཉིས་ཉིན་བསྟན་དོན། ཨུ་རུ་སུའི་རྒྱལ་ཁོངས་ནང་ཁུལ་གྱི་དམིགས་འབེན་མང་པོར་རྒྱང་བསྟེན་རྡུང་རྡེག་བཏང་བ་དང་། དེའི་ནང་ནུས་ཁུངས་སྒྲིག་བཀོད་དང་མི་མེད་གནམ་གྲུའི་སྒྲིག་བཀོད་སོགས་ཚུད་ཡོད་ཟེར།